བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ལྷན་ཚོགས་གནང་སྐོར།

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པའི་ལྷན་ཚོགས་ཐོག་མ་དེ་སྐོང་ཚོགས་གནང་སྟེ་ཉིན་གྲངས་ལྔའི་རིང་གནང་རྒྱུ་ཡིན་པ་རེད།
2008-09-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པའི་ལྷན་ཚོགས་ཐོག་མ་དེ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་ནོར་གླིང་ལྟེ་གནས་ཁང་དུ་ཕྱི་ཚེས་ཉི་ཤུ་གཉིས་ཉིན་སྐོང་ཚོགས་གནང་སྟེ་ཉིན་གྲངས་ལྔའི་རིང་གནང་རྒྱུ་ཡིན་པ་རེད།

བོད་ཀྱི་དུས་བབ་གསར་ཤོག་ནང་བཀོད་པའི་གནས་ཚུལ་གཞི་བཟུང་བྱས་ན། བཀའ་བློན་ཟུར་པའི་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་ བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་ད་ལྟའི་སྐབས་དེར་རྒྱ་ནག་དབང་འཛིན་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྡང་སེམས་ཆེན་པོའི་སྒོ་ནས་མཚན་དམས་ཞུ་བཞིན་པའི་གནས་སྟངས་དེ་ཚོ་འགོག་ཐབས་སྐོར་བཀའ་གྲོས་གནང་རྒྱུ་ཡིན་པ་རེད་

ཉེ་ལམ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་བོད་དོན་སྐོར་དམིགས་བསལ་ལྷན་ཚོགས་ཤིག་གནང་གཏན་འཁེལ་བ་དེའི་ཐོག། ཕན་གནོད་འབྲེལ་བའི་ལེགས་སྐྱེས་འབུལ་ཐུབ་མིན་ད་རེས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པའི་ལྷན་ཚོགས་གནང་གི་ཡོད་པ་དེའི་སར་བཀའ་བསྡུར་ཇི་བྱུང་ཐོག་རག་ལུས་རྒྱུ་ཡིན་པ་རེད།

གནས་ཚུལ་འབྱུང་ཁུངས་ནས་ཤེས་རྟོག་བྱུང་བར་གཞིགས་ན། ད་ལྟའི་སྐབས་བཞུགས་སྒར་དུ་གནང་བཞིན་པའི་བཀའ་བློན་ཟུར་པའི་ཉིན་ལྔའི་ལྷན་ཚོགས་དེ་ནི། ༸གོང་ས་མཆོག་གིས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ལ་བོད་ནང་གི་ཛ་དྲག་གནད་དོན་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་འོག་བོད་ཀྱི་རྩ་དོན་ཞེས་པའི་གྲོས་གཞིའི་ཐོག་དམིགས་བསལ་ལྷན་ཚོགས་ཤིག་འདུ་སྐོང་གནང་རྒྱུའི་བཀའ་ཡིག་གསོལ་བསྩལ་མ་གནང་གོང་ནས་ཐག་གཅོད་གནང་བ་ཞིག་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།