བོད་སྨན་རྫུན་མ་བོད་ནང་ཚོང་བསྒྱུར་བྱེད་བཞིན་པས་དོ་སྣང་བྱེད་དགོས།


2017.07.19
བོད་ཀྱི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ། ༢༠༡༧ བོད་ཀྱི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ། ༢༠༡༧
Lhuboom/RFA

རྡ་ས་བོད་ཀྱི་སྨན་རྩིས་ཁང་གི་མིང་ཐོག་ནས་བོད་སྨན་རྫུན་མ་བོད་ནང་ཚོང་བསྒྱུར་བྱེད་བཞིན་པ་དེར་དོ་སྣང་བྱེད་དགོས་པའི་གསལ་བསྒྲགས་སྤེལ་འདུག
བོད་ཀྱི་སྨན་རྩིས་ཁང་གི་མིང་ཐོག་ནས་བོད་སྨན་རྫུན་མ་རྣ་ཐོས་ལ་བརྒྱུད་བོད་ནང་ཚོང་འགྲེམས་བྱེད་བཞིན་པའི་གནས་ཚུལ་ཐོན་བཞིན་པར་སྨན་རྩིས་ཁང་གིས་རྩད་ཞིབ་བྱེད་བཞིན་ཡོད་འདུག་པ་དང་། སྨན་རྩིས་ཁང་གིས་གསལ་བསྒྲགས་ཞིག་སྤེལ་འདུག་པ་དེའི་ནང་། སྨན་རྩིས་ཁང་གི་སྨན་ཡིན་ཞེས་རྫུན་བཟོས་ཚོང་སྒྱུར་ཤེས་རྟོགས་འབྱུང་ཚེ་སྨན་རྩིས་ཁང་ལ་བརྡ་ལན་ཡོང་བ་ཞེས་འཁོད་འདུག་ཅིང་།  བོད་སྨན་ཐོག་དོ་སྣང་དང་བོད་སྨན་བསྟེན་གཏུག་བྱ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྡ་ས་བོད་ཀྱི་སྨན་རྩིས་ཁང་གི་སྨན་དང་། གསོ་རིག་ཐོན་དངོས་གཞན་རྣམས་དེ་སྔ་ལས་འགྲོ་རྒྱུགས་ཆེ་བ་ཡོད་འདུག་ན་ཡང་། བོད་སྨན་གཞན་ལ་ཚོང་བསྒྱུར་བྱ་རྒྱུར་འདེང་ངེས་མེད་པ་སྨན་རྩིས་ཁང་གིས་གསལ་བསྒྲགས་དེའི་ནང་བཀོད་འདུག   ནམ་རྒྱུན་སྤྱི་ཚོགས་ནང་བཤད་དོན་ལྟར་ན། བོད་ནང་གི་བོད་མི་ཚོས་བཞུགས་སྒར་རྡ་རམ་ས་ལ་ནས་བཟོས་པའི་བོད་སྨན་རིན་ཆེན་རིལ་བུ་ལ་སོགས་པའི་བོད་སྨན་དེ་དག་བཟོ་བསྐྲུན་ཚད་ལྡན་ཡིན་པར་མ་ཟད། བྱིན་རླབས་ཅན་ཡིན་པར་ངོས་འཛིན་བྱེད་སྲོལ་ཡོད་འདུག
རྡ་ས་བོད་ཀྱི་སྨན་རྩིས་ཁང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་རྒྱ་ཆེའི་མང་ཚོགས་ནས་དུས་རྒྱུན་དུ་སྨན་རྩིས་ཁང་གི་སྨན་ཡིན་ཁུལ་གྱི་ཚོང་སྒྱུར་བྱེད་མཁན་རྣམས་ལ་དེ་མ་ཐག་ཡིད་ཆེས་མ་གནང་བར་རྩད་ཞིབ་བརྟག་དཔྱད་ངེས་པར་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

གསར་འགོད་པ་ལྕགས་མོ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཡོང་རྒྱུ་ཡིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎