གནམ་གཤིས་འགྱུར་ལྡོག་གིས་བལ་ཡུལ་མི་མང་ལ་དཀའ་ངལ།

གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་གི་ཡོད་པ་དེས་མི་མང་ས་ཡ་མང་པོར་བཟའ་འབྲུ་མ་འདེངས་བའི་དཀའ་ངལ་འཕྲད་བཞིན་པ།

2009.08.29

༄༅༎སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་གི་ཡོད་པ་དེས་ཧི་མ་ལ་ཡའི་རྒྱལ་ཁབ་བལ་ཡུལ་ནང་ནམ་དུས་དྲོ་གང་གི་འགྱུར་བ་དུས་ཐོག་མ་ཕྱིན་པ་སོགས་ཆར་ཆུ་དཀོན་པའི་གནས་སྟངས་འོག་སྟོན་ཐོག་གི་ཐོན་སྐྱེས་སྐྱོ་རུ་ཕྱིན་ཏེ་མི་མང་ས་ཡ་མང་པོར་བཟའ་འབྲུ་མ་འདེངས་བའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་པའི་སྐོར་རྒྱལ་སྤྱིའི་རོགས་ཚོགས་ཨོཀ་སི་ཕེམ་གྱིས་ཁ་ས་ཉེན་བརྡ་བཏང་འདུག

དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ཨོཀ་སི་ཕེམ་རོགས་ཚོགས་ཀྱིས་གནམ་གཤིས་འགྱུར་བའི་རྐྱེན་གྱིས་བལ་ཡུལ་ནང་སྟོན་ཐོག་ཐོན་སྐྱེས་ལོ་རེ་ནས་ལོ་རེ་ཇེ་ཉུང་དུ་འགྲོ་གི་ཡོད་པ་དེས་བལ་ཡུལ་གྱི་ཞིང་པ་ཚོར་བཟའ་འབྲུ་མི་འདེངས་བའི་དཀའ་ངལ་འོག་བུ་ལོན་མི་ལེན་དཀའ་མེད་ཐུག་གི་ཡོད་པའི་བློ་འཚབ་སྐྱེ་གཞིའི་གནས་སྟངས་ཆགས་ཡོད་སྐོར་གསུངས་བཞག

བལ་ཡུལ་མི་དམངས་ཚོས་ད་ལོའི་སྟོན་ཐོག་ཐོན་སྐྱེས་ལོ་སྔོན་མའི་ཕྱེད་ཀ་ཙམ་ཡིན་སྐོར་བརྗོད་ཡོད་པ་དང་སྔ་ལོའི་འབྲུ་རིགས་ཐོན་སྐྱེས་ཀྱི་མི་མང་པོ་ཞིག་ལ་ཟླ་བ་ཅིག་རིང་མ་གཏོགས་འདེང་མེད་དུས་གནམ་གཤིས་སྔོན་བརྡ་གཞིར་བཟུང་ད་ལོ་དགུན་ཁ་ཆར་པ་ཉུང་ཉུང་ལས་གཏོང་རྒྱུ་མིན་པའི་སྔོན་དཔག་བྱེད་བཞིན་ཡོད་པ་དེས་ད་ལོའི་སྟོན་འབྲས་བསྡུ་རྒྱུར་དཀའ་ངལ་ཆེན་པོ་ཆགས་སྲིད་པའི་ཉེན་ཁ་ཡོད་ལུགས་ཨོཀ་སི་ཕེམ་རོགས་ཚོགས་ཀྱི་ལས་བྱེད་ལྦེན་གམ་ཡིས་འགྲེལ་བརྗོད་གནང་བཞག

གོང་ཞུས་རྒྱལ་སྤྱིའི་རོགས་ཚོགས་དེས་བཏོན་གནང་བའི་སྙན་ཐོའི་ནང་བལ་ཡུལ་ནང་དབྱར་ཀ་ཆར་ཆུ་དུས་ཐོག་མ་བབས་པ་དང་ཚ་གྲང་སྙོམ་པོ་མེད་པ།དགུན་ཁ་རྐམ་ཤས་ཆེ་བ་སོགས་རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་ཀྱིས་ཡུལ་གྱི་ནང་ལོ་ཏོག་འདེབས་ལས་ལ་སྐྱོན་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་བལ་ཡུལ་ཁྱོན་ཡོངས་ཀྱི་ནང་མི་དམངས་ས་ཡ་གསུམ་དང་འབུམ་བཞི་ཙམ་ལ་བཟའ་ཆའི་རོགས་རམ་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད་པའི་ཉེན་བརྡ་བཏང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎