བོད་ནང་གཏེར་ཁ་སྔོག་འདོན་བཀག་འགོག་བྱེད་མཁན་ཚོར་ཉེན་རྟོག་པས་རྡུང་རྡེག


2018.07.13
ཡུལ་ཤུལ་སྐྱེ་རྒུ་མདོ་ཕྱོགས་ཀྱི་ས་ཁྲ་དང་སྡེ་ཆུང་ལུང་པའི་ཕུ་ཡི་གཏེར་ཁ་སྔོག་ཡུལ། ༢༠༡༨།༧།༧ ཡུལ་ཤུལ་སྐྱེ་རྒུ་མདོ་ཕྱོགས་ཀྱི་ས་ཁྲ་དང་སྡེ་ཆུང་ལུང་པའི་ཕུ་ཡི་གཏེར་ཁ་སྔོག་ཡུལ། ༢༠༡༨།༧།༧
RFA

ཡུལ་ཤུལ་སྐྱེ་རྒུ་མདོ་ཕྱོགས་སུ་བོད་མི་ཚོས་གསེར་ཁ་སྔོག་འདོན་བྱེད་ཐབས་བྱས་པར་ས་གནས་རྒྱ་ནག་གི་ཉེན་རྟོག་པས་རྡུང་རྡེག་བཏང་འདུག
དེ་ཡང་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་ལྟར་ན། ཡུལ་ཤུལ་སྐྱེ་རྒུ་མདོ་ཕྱོགས་ཀྱི་རོང་པོ་གྲོང་བརྡལ་ལམ་རྗེ་རོང་ཡུལ་ཚོ་སྡེ་ཆེན་སྡེ་བའི་རུ་ཁག་གསུམ་པའི་སྡེ་ཆུང་ལུང་པའི་ཕུ་ནས་གཏེར་ཁ་སྔོག་འདོན་བྱས་ནས་ཟླ་ངོ་གཉིས་ཙམ་འགྲོ་བཞིན་པའི་རིང་མི་མང་གིས་བཀག་འགོག་བྱེད་ཐབས་བྱས་ཡོད་པ་དང་། ཟླ་འདིའི་ཚེས་༧ ཉིན། ས་གནས་བོད་མི་ཚོས་མུ་མཐུད་ནས་བཀག་འགོག་བྱས་སྐབས་རྒྱ་ནག་གི་ཉེན་རྟོག་པ་མང་པོ་ཡོང་ནས་བཀག་འགོད་བྱེད་མཁན་མི་མང་ལ་རྡུང་རྡེག་བཏང་བ་དང་། དུག་རླངས་བཏང་ནས་མི་འགའ་ཤས་སྨན་ཁང་དུ་སྐྱེལ་དགོས་བྱུང་བ་བརྗོད་འདུག
ཡང་ཁོང་གིས། གཏེར་ཁ་སྔོག་འདོན་གྱི་ལས་འཆར་དེ་རྒྱ་ནག་དབུས་གཞུང་གི་ཡིན་ས་མ་རེད། དེ་ནི་ཁུལ་དང་རྫོང་གི་ལས་ཁུངས་ཁ་ཤས་ཀྱིས་ལྐོག་ཟའི་ཆེད་དུ་གཏེར་ཁ་འདི་སྔོག་གི་ཡོད་སྐོར་ཡང་གླེང་མཁན་དང་དོགས་པ་གནང་མཁན་ཡོད་ལུགས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎