རྒྱལ་མཆོག་སྐུ་ཕྲེང་མཐའ་མ་ཞེས་བ་གོ་བ་ལོག་འདྲེན་བྱས་འདུག


2014.09.09
༧གོང་ས་མཆོག་གི་ཡང་སྲིད་སྐོར་བཀོད་པའི་ཇར་མན་གྱི་ཚགས་པར་ཞིག་གི་མདུན་ངོས། ༧གོང་ས་མཆོག་གི་ཡང་སྲིད་སྐོར་བཀོད་པའི་ཇར་མན་གྱི་ཚགས་པར་ཞིག་གི་མདུན་ངོས།
དྲ་བཤུས།

༧གོང་ས་མཆོག་གིས་བཀའ་ལན་རྒྱས་པོ་གནང་བའི་ཆ་ཤས་ཤིག་ཟུར་འདོན་བྱས་ནས་གོ་བ་ལོག་འདྲེན་བྱས་འདུག
དེ་ཡང་ཉེ་ཆརGerman གསར་ཤོག་Welt am Sonntagཞེས་བས་༧གོང་ས་མཆོག་གིས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་འདི་ཏཱ་ལའི་བླ་མའི་སྐུ་ཕྲེང་མཐའ་མ་དེ་ཡིན་སྲིད་ཅེས་གསུངས་པ་རེད་ཟེར་པའི་གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་མང་དག་ནང་ལུང་དྲངས་ཡོད་པས་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོར་བློ་ཕམ་སྐྱེ་གཞིར་གྱུར་འདུག་པར་བརྟེན། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་German གསར་ཤོག་Welt am Sonntagཞེས་བས་ཏྭ་ལའི་བླ་མའི་རྒྱལ་མཆོག་སྐུ་ཕྲེང་འདས་པའི་ལོ་གྲངས་བརྒྱ་ཕྲག་ལྔ་ཙམ་རིང་བྱོན་ཡོད་ཅིང་།    སྐུ་ཕྲེང་བཅུ་བཞི་པ་མཚན་སྙན་གྲགས་ཆེན་པོ་ཡོད་པའི་སྐབས་མཇུག་བསྒྲིལ་བྱ་རྒྱུ་ཞེས་བཀའ་གནང་ལུགས་ལུང་དྲངས་པ་ནི། ༧གོང་ས་མཆོག་ལ་ཡང་སྲིད་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་བཀའ་ལན་རྒྱས་པོ་གནང་བའི་ཆ་ཤས་ཤིག་ཟུར་འདོན་བྱས་པ་ཞིག་ཡིན་པས་གོ་བ་ལོག་འདྲེན་བྱུང་བ་ཡིན་སྐོར་ཨ་རིའི་རླུང་འཕྲིན་ཁང་ལ་གསལ་བཤད་གནང་འདུག ༧གོང་ས་མཆོག་གི་བཀའ་གནང་དོན་ནི། ཏྭ་ལའི་བླ་མའི་སྒྲིག་འཛུགས་གནས་དང་མི་གནས་མཐའ་མའི་ཐག་གཅོད་བོད་རྒྱ་ཆེའི་མི་མང་གི་བྱ་རྒྱུ་ཡིན་པར་ལོ་གྲངས་བཅུ་ཕྲག་མང་པོའི་གོང་གསུངས་གནང་ཡོད་པ་རེད། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད།
དང་པོ། ༧གོང་ས་མཆོག་གིས་འབྱུང་འགྱུར་གྱི་ལོ་ངོ་བཅོ་ལྔ་ཙམ་ནང་ཚུད་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་བཀའ་བསྡུར་ལྷུག་པོར་གནང་རྗེས་ཐུགས་ཐག་གཅོད་རྒྱུ་དང༌། གཉིས་པ། ཡང་སྲིད་དེ་སྐྱེ་བ་སྔོན་མར་ལས་འགོ་བཙུགས་པ་འཕྲོ་ཅན་དུ་ལུས་པ་དེའི་མཐུན་པའི་རྐྱེན་ལ་འགྲོ་བའི་ཡང་སྲིད་ཅིག་དགོས་པས་ད་ལྟའི་བོད་ཀྱི་གནས་སྟངས་འོག་བོད་ནང་ཡོང་གི་མེད་པ་ཚིག་ཐག་བཅད་ནས་བཀའ་གནང་ཡོད་པ་རེད།
རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Han Chunyingགིས་བོད་ཀྱི་ལོ་རྒྱུས་ཐོག་ཏྭ་ལའི་བླ་མའི་ཡང་སྲིད་ཕེབས་རྒྱུའི་སྲོལ་རྒྱུན་དེར་ཏྭ་ལའི་བླ་མས་བརྩི་བཀུར་ཞུ་དགོས་ལུགས་གཏམ་བཤད་སྤེལ་འདུག

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎