རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ཞིག་གིས་ཞི་ཅིན་ཕིན་ལ་སྐྱོན་བརྗོད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག

2024.09.30
རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ཞིག་གིས་ཞི་ཅིན་ཕིན་ལ་སྐྱོན་བརྗོད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག ཞི་ཅིན་ཕིན་(Xi Jinping)་པེ་ཅིན་དུ་རྗེས་དྲན་མཛད་སྒོ་ཞིག་གི་སྟེང་། ༠༩།༣༠།༢༠༢༤
AP

རང་ལོ་༥༥སོན་པའི་རྒྱ་ནག་གི་དཔལ་འབྱོར་རིག་པ་བ་(Zhu Hengpeng)་ཡིས་སྐད་འཕྲིན་ཐོག་ཞི་ཅིན་ཕིན་(Xi Jinping)་གྱིས་འཛམ་གླིང་གི་དཔལ་འབྱོར་རྒྱལ་ཁབ་ཨང་གཉིས་པའི་གནས་བབ་དོ་དམ་བྱེད་སྟངས་ལ་སྐྱོན་བརྗོད་བྱས་པའི་རྗེས་མི་དམངས་ཀྱི་མིག་ལམ་ནས་མཐོང་ཆོས་སུ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
སྐུ་ཞབས་(Zhu Hengpeng)་ཡིས་འདས་པའི་ལོ་བཅུ་ལྷག་གི་རིང་། རྒྱ་ནག་གི་རིག་མཛོད་གྲགས་ཅན་ཞིག་གི་འགན་འཛིན་གཞོན་པའི་ལས་གནས་འཁུར་ཡོད་པ་དང་། འདི་ལོའི་དཔྱིད་ཀར་ཁོང་ལ་འབྲེལ་ཡོད་གཞུང་ནས་འདྲི་རྩད་བཀག་ཉར་དང་། ལས་གནས་ནས་གནས་དབྱུང་བཏང་བའི་རྗེས། གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
ཨ་རིའི་(The Wall Street Journal)་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔ་སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༡༡པའི་ནང་ཨ་རིའི་སྲིད་འཛིན་(Joe Biden)་གྱིས་རྒྱ་ནག་གི་གཙོ་འཛིན་ཞི་ཕིན་ཅིན་ནི་སྲིད་དབང་སྒེར་སྤྱོད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་དེར་ཁས་ལེན་བྱས་མེད་ཀྱང་། ཉེ་ཆར་གནས་ཚུལ་ཐོན་པར་ལྟར་ན། རྒྱ་ནག་གི་དཔལ་འབྱོར་རིག་པ་བ་(Zhu Hengpeng)་ཡིས་སྒེར་གྱི་སྐད་འཕྲིན་ཚོགས་པ་ཞིག་ཏུ་ཞི་ཅིན་ཕིན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དོ་དམ་བྱེད་སྟངས་ལ་དོགས་འདྲི་དང་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཁོང་ལ་ཞིབ་བཤེར་བྱས་ཡོད་པ་མ་ཟད། འདི་ལོ་ཕྱི་ཟླ་༤ བ་བཟུང་ཁོང་མཐོང་རྒྱུ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
ཡང་(Zhu Hengpeng)་གར་སོང་ཆ་མེད་དུ་གྱུར་བའི་སྐོར་ལ་དབྱིན་ཇིའི་གསར་འགྱུར་ཁང་(The Telegraph)་ཞེས་པས་ཀྱང་གནས་ཚུལ་སྤེལ་ཡོད་པའི་ནང་དུ། རྒྱ་ནག་གི་མཁས་པ་ཚོས་དེ་སྔ་གོང་ཞུས་གསར་འགྱུར་ལས་ཁང་དེར་བརྗོད་ན། ཁོ་ཚོས་རྒྱ་ནག་གི་དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད་སོགས་ཀྱི་ཐད་དཔྱད་བརྗོད་སྤེལ་ཚེ་འཁོན་ལན་སློག་སྲིད་པར་སྐྲག་སྣང་བྱེད་ཀྱི་ཡོད་ཅིང་། དེ་བས་ཞི་ཅིན་ཕིན་སྒེར་གྱི་སྐོར་ལ་གྲོས་བསྡུར་བྱེད་པ་དང་། ལྷག་པར་དུ་དོ་དམ་ནན་མོ་བྱེད་བཞིན་པའི་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་གྲོས་བསྡུར་བྱེད་པའི་སྐབས་མང་ཆེ་བས་རང་ཉིད་ཀྱི་མིང་ངོ་མ་བེད་སྤྱོད་མི་བྱེད་པར་གསང་ཚིག་བེད་སྤྱོད་བྱེད་ཀྱི་ཡོད་ལུགས་བརྗོད་མྱོང་ཡོད་སྐོར་སོགས་བཀོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎