རྒྱ་གར་གྱི་མངའ་དབང་ལ་ཚོད་རྩིས་བྱས་པར་འཁོན་ལན་རན་པོ་བསློགས་ཡོད།


2020-08-15
Share
རྒྱ་གར་གྱི་མངའ་དབང་ལ་ཚོད་རྩིས་བྱས་པར་འཁོན་ལན་རན་པོ་བསློགས་ཡོད། རྒྱ་གར་གྱི་སྲིད་བློན་ནྭ་རེནྡར་མོ་དྷི་མཆོག་གིས་ཁྱིམ་མཚེས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་བརྡ་ལན་གཅིག་པ་སྤྲད་གནང་འདུག
ཨེ་པི།

རེས་གཟའ་སྤེན་པའི་ཉིན་སྲིད་བློན་ནྭ་རནྡཧ་མོ་དྷི་མཆོག་གིས་ཁྱིམ་མཚེས་རྒྱ་ནག་དང་པ་ཀི་སེ་ཐན་གཉིས་ལ་ས་མཚམས་དམག་དཔུང་གིས་རྒྱ་གར་གྱི་མངའ་དབང་ལ་ཚོད་རྩིས་བྱས་པར་འཁོན་ལན་རན་པོ་བསློགས་ཡོད་ལུགས་གསུངས་གནང་གིས་སྔ་ལོ་ནང་བཞིན་རྒྱ་གར་གྱི་རང་བཙན་ཉིན་མོ་སྲུང་བརྩིའི་གསུང་བཤད་སྐར་མ་༩༠འི་རིང་གནང་བའི་སྐབས་ད་ལམ་ལ་དྭགས་ཁུལ་རྒྱ་གར་གྱི་མཚམས་སུ་ཕྱི་ཟླ་༦འི་ཚེས་༡༥ནས་ཉིན་མ་༡༠༠ལྷག་རིང་འཐབ་རྩོད་སྐབས་རྒྱ་གར་གྱི་དམག་མི་དང་རྒྱ་བོད་ཀྱི་ས་མཚམས་ཉེན་སྲུང་དམག་མིས་རྒྱ་ནག་མི་མང་བཅིངས་འགྲོལ་དམག་མིའི་བཙན་རྒོལ་ཐར་བཀྲོད་བཏང་ཡོད་སྐོར་ནན་བརྗོད་གནང་འདུག ཡང་སྲིད་བློན་མཆོག་གིས་རྒྱ་གར་དང་ས་འབྲེལ་དང་ཆུ་འབྲེལ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་མཛའ་འབྲེལ་སྐྲུན་ཐབས་གནང་གི་ཡོད་པ་ལྟར་རང་ཡུལ་རྒྱ་གར་གྱི་ཡུལ་མི་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་གྱིས་ཀོ་ཝིཌ་༡༩ནད་ཡམས་གསར་པ་དང་རང་འབྱུང་གོད་ཆག་སོཌ་ལ་ལྟོས་མེད་ཀྱིས་རྒྱལ་ཁབ་རང་སྐྱ་འཕེར་བ་བཟོ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར་བརྟེན་་ངའི་རེ་བར་ང་ཚོས་དམིགས་ཡུལ་དེ་འགྲུབ་ཐུབ་ཀྱི་རེད། ང་ལ་མི་མང་གི་འཇོན་སྟངས་དང་ནུས་པར་ཡིད་ཆེས་ཡོད། ང་ཚོས་ལས་དོན་ཞིག་སྤེལ་རྒྱུར་ཐག་གཅོད་བྱས་ཚེས་དེ་མ་འགྲུབ་བར་དུ་ང་ཚོས་ངལ་གསོ་རྒྱག་གི་མ་རེད།རྒྱ་གར་གྱིས་འཛམ་གླིང་འདི་ཁྱིམ་ཚང་གཅིག་ལ་ངོས་འཛིན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་འཛུཌ་སྐྲུན་གལ་ཆེ་ཡིན་ན་འང་སྐྱེ་འགྲོའི་བདེ་སྐྱིད་ཀྱི་རྩ་བ་དམ་འཛིན་བྱེད་ཀྱི་རེད་ཅེས་གསུངས་གནང་འདུག ཡང་སྲིད་བློན་མོ་དྷི་མཆོག་གིས་ལོ་ལྔའི་ནང་རྒྱ་གར་གྱི་དཔལ་འབྱོར་ཨ་རིའི་ཌོ་ལར་ཁྲག་ཁྲིག་ཆེན་པོ་ལྔ་ཙམ་ལ་འཕེལ་རྒྱས་ཀྱི་ཚད་གཞི་བཟུང་བཞིན་པ་ལྟར་ས་མཚོ་གནམ་གསུམ་གྱི་དཔུང་དམག་འབྲེལ་མཐུད་གནང་མཁན་རྒྱལ་ཁབ་སྲུང་སྐྱོབ་ཀྱི་སྤྱི་ཁྱབ་ཀྱི་གོ་གནས་ཞིག་གསར་བཟོ་གནང་རྒྱུའི་གསལ་བསྒྲགས་ཀྱང་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།