རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ཨི་སེ་རེལ་ལ་ཕེབས་རྒྱུ་རེད།


2017.07.03
རྒྱ་གར་གྱི་སྲིད་བློན་(Modi)དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད། 2017 རྒྱ་གར་གྱི་སྲིད་བློན་(Modi)དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད། 2017
Modi/fb

རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ཨི་སེ་རེལ་ལ་ཕེབས་ནས་ཡུལ་གཉིས་དབར་གཞུང་འབྲེལ་གྱི་སྒོ་མོ་ཕྱེ་རྒྱུ་ཡིན་འདུག
དེ་ཡང་རྒྱ་གར་གྱི་སྲིད་བློན་ནྭ་རནྡར་མོ་དྷི་མཆོག་འདི་ཚེས་༤་རེས་གཟའ་མིག་དམར་ཉིན་ཨི་སེ་རེལ་ལ་གཟིགས་སྐོར་ཐོག་མ་ཕེབས་གནང་གིས། ད་བར་རྒྱ་གར་གྱི་དབུ་ཁྲིད་ཚོས་ཡུལ་དེ་དང་འབྲེལ་ལམ་དེ་ཙམ་བཟང་པོ་བཟུང་མེད་པ་དེར་འགྱུར་བ་བཏང་ནས། དམག་དོན་དང་འཕྲུལ་རིག་གི་ཚད་གཞི་མཐོ་བའི་རྒྱལ་ཁབ་དེ་དང་འབྲེལ་ལམ་མཐོ་རུ་རྒྱུ་གཏོང་རྒྱུ་ཡིན་འདུག
ཉིན་གསུམ་རིང་གི་གཟིཊ་སྐོར་རིང་སྲིད་བློན་མོ་དྷི་ཡིས་ཡུལ་དེའི་སྲིད་བློན་བྭེན་ཇེ་མིན་ནྭ་ཏན་ཡ་ཧུ་(Benjamin Netanyahu)དང་མཇལ་འཕྲད་ཀྱིས་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་དང་ཚོང་འབྲེལ། དེ་བཞིན་མི་མེད་གནམ་གྲུ་(Drone)་ལ་སོགས་པའི་སྐོར་ལ་ཚོང་འབྲེལ་གྱི་བཀའ་བསྡུར་གནང་རྒྱུ་ཡིན་འདུག
རྒྱ་གར་ནང་ཨེ་སེ་རེལ་དང་འབྲེལ་ལམ་གནང་ཕྱོགས་ཐད་བསམ་ཚུལ་ཤུགས་ཆེ་ཡོད་པ་བཞིན་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཨ་ས་ཨུ་དྷི་ཨོ་ཝའི་སི་(Asaduddin Owaisi)ཡིས། སྲིད་བློན་མོ་དྷི་ཨེ་སེ་རེལ་ལ་ཕེབས་ན་ཡུལ་དེའི་པ་ལི་སེ་ཊིན་(Palestine)ལ་བཙན་མནོན་ཆེ་རུ་བཏང་གི་རེད་ཅེས་སྐྱོན་བརྗོད་གནང་འདུག
ཕྱི་ཟླ་ལྔ་པའི་ནང་སྲིད་བློན་མོ་དྷི་ཡིས་པེ་ལི་སེཊིན་གྱི་སྲིད་འཛིན་ མྭ་མུདྷ་ ཨ་བྭ་སེ་(MahmoudAbbas)གྱིས་འཕྲོད་བསྟེན་དང་འཕྲུལ་ཆས་མཁོ་སྤྲོད་ཐད་རོགས་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་རེད༎

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎