སོག་པོའི་སྲིད་འཛིན་གསར་པ་དམ་འབུལ།

འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་སོག་པོའི་སྲིད་འཛིན་གསར་པ་ཨེལ་བེག་རྡོཇ་ཚ་ཀི་ཡ་མཆོག་སྲིད་འཛིན་གྱི་དམ་བཅའ་འབུལ་བཞེས་གནང་འདུག

2009.06.18

༄༅༎ཉེ་ཆར་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་དེ་རིང་རེས་གཟའ་ཕུར་བུའི་ཉིན་སོག་པོའི་སྲིད་འཛིན་གསར་པ་ཨེལ་བེག་རྡོཇ་ཚ་ཀི་ཡ་མཆོག་སྲིད་འཛིན་གྱི་དམ་བཅའ་འབུལ་བཞེས་གནང་ཡོད་འདུག

དེ་རིང་དམ་འབུལ་མཛད་སྒོའི་རྗེས་སུ་གྲོས་ཚོགས་ནང་གསུངས་བཤད་གནང་བའི་ནང་སོག་པོའི་མི་མང་ཚོས་གཞུང་གི་ལམ་ལུགས་བཅོས་བསྒྱུར་གཏོང་རྒྱུའི་འདོད་པ་བྱེད་པ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་མ་ཟད་མང་ཚོགས་ཀྱིས་སོ་སོའི་རང་དབང་དང་རྒྱུ་ནོར་རྣམས་མི་མང་ལ་བདག་དབང་ཡོད་པ་ཞིག་ཡིན་པའི་རྣམ་པ་གསལ་པོ་བཏོན་པ་རེད་ཅེས་གསུངས་ཡོད་འདུག

ཡང་སྲིད་འཛིན་མཆོག་གིས་མུ་མཐུད་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་བདེ་རྩའི་ཆེད་གཏེར་ཁ་བསྔོག་བཏོན་གྱི་ལས་འཆར་ཐོག་ཛ་དྲག་གི་ཐོག་ནས་ལས་དོན་སྤེལ་དགོས་རྒྱུའི་དགོས་མཁོ་ཤེས་རྟོགས་ཡོད་ལ་དེ་དག་གི་ཐོག་མི་མང་དང་རྒྱལ་ཁབ་ཀྱི་སྲུང་སྐྱོབ་གཞི་ལ་བཞག་པའི་ཐོག་ནས་ལས་གཞི་འགོ་འཛུགས་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། སོག་ཡུལ་དེ་བཞིན་གསེར་དང་ཟངས།རྡོ་སོལ་སོགས་རང་འབྱུང་ཐོན་ཁུངས་ཧ་ཅང་ཡག་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་ཁེ་ན་ཌའི་གཙོས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་ནས་ཟུང་འབྲེལ་གྱི་ཐོག་ནས་གཏེར་ཁ་བསྔོག་བཏོན་བྱེད་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཉེ་བའི་དུས་ཚོད་ཅིག་ནས་གཏེར་ཁའི་རིགས་བསྔོག་བཏོན་བྱེད་རྒྱུའི་ཐོག་བདག་དབང་དང་ཆ་བགོས་བྱེད་རྒྱུའི་ཐོག་རྙོག་དྲ་ལྷག་ནས་འཆར་གཞི་དེ་མུར་ལུས་ཡོད་འདུག

གསར་དུ་བསྐོ་འདེམས་བྱུང་བའི་སྲིད་འཛིན་མཆོག་ནི་དེ་སྔ་སྲིད་བློན་ཐེངས་གཉིས་ཙམ་གནང་མྱོང་མཁན་ཞིག་ཡིན་པ་དང་དགུང་གྲངས་བཞི་ བཅུ་ཞེ་དྲུག་ལ་ཕེབས་པའི་སྲིད་འཛིན་མཆོག་ནི་ཨ་རིའི་སྙན་གྲགས་ཅན་གྱི་ཧར་ལྦདྲ་གཙུག་ལག་སློབ་གྲྭ་ཆེན་མོ་ནང་སློབ་གཉེར་གནང་བ་ཞིན་ཡིན་འདུག

སོག་པོའི་ནང་སྲིད་འཛིན་གྱི་ལམ་ལུགས་ཡིན་པ་དང་རྒྱལ་ཁབ་ཀྱི་དམག་མིའི་སྤྱི་ཁྱབ་ཀྱང་བདེ་འཇགས་ཀྱི་གནད་དོན་སོགས་ལའང་དབང་ཚད་ཆ་ཚང་ཡོད་པ་ཞིག་དང་གྲོས་ཚོགས་ཀྱི་ཚོགས་མིའི་ཐོག་ལའང་དབང་ཆ་ཡོད་པ་བཅས་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎