རྒྱ་ནག་གི་སྐུ་ཚབ་ཐའེ་ལྦན་དུ་ཕེབས་རྒྱུར་ངོ་རྒོལ།

ཐའེ་ལྦན་ནང་མི་མང་མང་ཆེ་བས་རྒྱ་ནག་གི་སྐུ་ཚབ་ཐའེ་ལྦན་ནང་ཚོང་འབྲེལ་གྲོས་མོལ་གནང་བར་ཕེབས་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་འདུག

2009-12-14
Share

༄༅༎ཐའེ་ལྦན་ནང་མི་མང་མང་ཆེ་བས་རྒྱ་ནག་གི་སྐུ་ཚབ་ཐའེ་ལྦན་ནང་ཕྱོགས་གཉིས་དབར་ཚོང་འབྲེལ་གནད་དོན་ཐོག་གྲོས་མོལ་གནང་བར་ཕེབས་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་གྱི་ཡོད་པའི་སྐོར་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ཐོན་ཡོད་པ་རེད་

དེ་ཡང་ཐའེ་ལྦན་གྱི་ཉམས་ཞིབ་ལས་ཁང་ཞིག་གིས་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པའི་འབྲས་བུ་གཟའ་ཟླ་བའི་ཉིན་ཕྱིར་བཏོན་བྱས་ཡོད་པའི་ནང་བསམ་ཚུལ་བསྡུ་ལེན་བྱེད་མི་༡༠༧༨ནང་ནས་བརྒྱ་ཆ་ལྔ་ཅུ་ང་དྲུག་གིས་གཟའ་འཁོར་རྗེས་མ་ཐའེ་ལྦན་ནང་ཕེབས་འཆར་ཡོད་པའི་རྒྱ་ནག་གི་ཐའེ་ལྦན་ལས་དོན་ལྷན་ཁང་གི་དཔོན་རིགས་གྲན་ཡུན་ལིང་དེང་སྐབས་ཐའེ་ལྦན་ནང་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་འབྲེལ་གྱི་གནད་དོན་ཐོག་བསམ་ཚུལ་འདྲ་མིན་ཡོད་བཞིན་པ་དེ་དག་གཅིག་སྒྲིལ་མ་བྱུང་བར་ཐའེ་ལྦན་ནང་ཕེབས་རྒྱུར་དུས་བཀག་ཕྱིར་འཐེན་དགོས་པའི་བསམ་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད་ རྒྱ་ནག་གི་ཐའེ་ལྦན་ལས་དོན་ལྷན་ཁང་གི་དཔོན་རིགས་གྲན་ཡུན་ལིང་གཟའ་འཁོར་རྗེས་མ་ཐའེ་ལྦན་དུ་ཕེབས་ནས་ཐའེ་ལྦན་གྱི་འབྲེལ་ཡོད་དཔོན་རིགས་དང་ལྷན་དུ་གྲོང་ཁྱེར་ཐད་ཀྲུང་དུ་རྒྱ་ནག་དང་ཐའེ་ལྦན་གྱི་འབྲེལ་ལམ་གནད་དོན་ཐོག་གྲོས་མོལ་ཐེངས་བཞི་པ་དེ་གནང་འཆར་ཡོད་པ་དང་གྲོས་མོལ་གྱི་ནང་དོན་གཙོ་བོ་ཚོང་དོན་དངོས་ཟོག་ཐོག་དཔྱ་ཁྲལ་ཕྱོགས་གཉིས་ཀས་རྒྱབ་ཀྱི་ཡོད་པའི་གནད་དོན་དང་དེ་བཞིན་ཞིང་པའི་དངོས་ཟོག་ཐོག་བརྟག་དཔྱད་བྱེད་ཡས་ཀྱི་གནད་དོན་ ཕྱོགས་གཉིས་ཀྱི་ཉ་གསོ་ཁང་དབར་མཉམ་ལས་བྱེད་ཕྱོགས་ དེ་མིན་ཐོན་ཟོག་གི་སྤུས་ཚད་ལས་རྟགས་ལེགས་སུ་གཏོང་རྒྱུ་བཅས་དོན་ཚན་བཞིའི་ཐོག་གྲོས་མོལ་བྱ་འཆར་ཡོད་པ་དང་ ཡིན་ནའང་ཕྱོགས་གཉིས་དབར་གྱི་གྲོས་མོལ་གྱི་ནང་དོན་ནང་སྲིད་དོན་གནད་དོན་ཐོག་གྲོས་མོལ་གནང་འཆར་མེད་ལུགས་འབྲེལ་ཡོད་དཔོན་རིགས་ནས་འགྲེལ་བརྗོད་གནང་ཡོད་འདུག རྒྱ་ནག་གི་དཔོན་རིགས་གྲན་ཡུན་ལིང་ན་ནིང་ཐའེ་ལྦན་གྱི་དུ་འཚམས་གཟིགས་སུ་ཕེབས་པའི་སྐབས་ཐའེ་ལྦན་མི་མང་ཚོས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་ཡོད་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།