རྒྱ་གར་སྲིད་བློན་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ།

2014-07-25
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་སྲིད་བློན་ ན་རེན་དྲ་མོ་ལྡི་ མཆོག།
རྒྱ་གར་སྲིད་བློན་ ན་རེན་དྲ་མོ་ལྡི་ མཆོག།
སྲིད་བློན་ ན་རེན་དྲ་མོ་ལྡི་ མཆོག་གི་ངོ་དེབ།

༄༅༎དེ་ཡང་རྒྱ་གར་གྱི་ ཊ་ཡིམ་སི་ ཨོཕ་ ཨིན་ཌིཡ་ ཞེས་པའི་གསར་ཤོག་ནང་རྒྱ་གར་གཞུང་གི་དཔོན་རིག་རྣམས་ཀྱིས་སྲིད་བློན ན་རེན་དྲ་མོ་ལྡི་ མཆོག་གི་བལ་ཡུལ་གྱི་རྒྱལ་དོན་འཚམས་གཟིགས་དེ་འདི་ལོ་ཕྱི་ཟླ་ ༨ པའི་ཚེས་ ༣ དང་ཚེས་ ༤ ཉིན་གཉིས་རིང་གནང་གཏན་འཁེལ་སྐོར་གསུང་པ་ལུང་འདྲེན་གནང་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་མཆོག་གི་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་དང་འབྲེལ་ཡུལ་གཉིས་བར་གྱི་འབྲེལ་བར་ཕན་ཚུན་གདེང་སྤོབས་ཡོང་སླད་རྒྱ་གར་གྱི་ཕྱི་སྲོད་བློན་ཆེན་ལྕམ་ སུཤ་མ་ ས་བ་རཇ་  རེས་གཟའ་པ་སངས་ཉིན་བལ་ཡུལ་དུ་ཕེབས་ཐོན་གནང་ཡོད་སྐོར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ པན་ཌེ་  ཡིས་གསར་འགོད་པར་གསུངས་ཡོད་པ་རེད།  ད་ཐེངས་ཀྱི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གི་བལ་ཡུལ་ གྱི་རྒྱལ་དོན་འཚམས་གཟིགས་དེར་ཕན་ཚུན་ཐུན་མོང་གི་ལྷན་ཚོགས་ཞེས་པའི་གླེང་ སྟེགས་ཐོག་སྲིད་དོན་དང་སྲུང་སྐྱོབ།  ས་མཚམས་ཀྱི་གནད་དོན་བཅས་པའི་སྐོར་གླེང་མོལ་གནང་རྒྱུ་ཡིན་པ་རེད།          གོང་ཞུས་ཀྱི་ཡུལ་གཉིས་བར་གྱི་ཐུན་མོང་གི་ལྷན་ཚོགས་དང་པོ་ དང་གཉིས་པ་དེ་དག་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ ལིའི་ནང་ཕྱི་ལོ་ ༡༩༨༨ ལོར་དང་ ༡༩༩༡ ལོར་གནང་ཡོད་ཅིང་དེ་རྗེས་ལྷན་ཚོགས་དེ་གནང་ཐུབ་པ་བྱུང་མེད། རྒྱ་གར་གྱི་སྲིད་བློན་  ན་རེན་དྲ་མོ་ལྡི་ མཆོག་གི་འཆར་ཟླའི་ནང་གི་བལ་ཡུལ་གྱི་རྒྱལ་ དོན་གཟིགས་སྐོར་དེ་སྲིད་བློན་མཆོག་གིས་རྒྱ་གར་གྱི་ཁྱིམ་མཚེས་ཡུལ་གྲུ་ཁག་དང་ འབྲེལ་ལམ་གཟབ་ཏུ་གཏོང་རྒྱུའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་དང་ སྲིད་བློན་མཆོག་གི་རྒྱལ་དོན་གཟིགས་སྐོར་ཐོག་མ་དེ་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ ཡུལ་དུ་གནང་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

མཆན། (0)
Share
དྲ་གནས་ཆ་ཚང༌།