ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་གསར་བའི་རྒྱལ་ཡོངས་གསུང་བཤད་ཐོག་མཉམ་ཞུགས།

2018-02-19
གློག་འཕྲིན།
མཆན།
Share
པར་བཀོད།
ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་གསར་བའི་རྒྱལ་ཡོངས་གསུང་བཤད་ཐོག་མཉམ་ཞུགས་སྐབས། ༢༠༡༨།༢།༡༦
ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་གསར་བའི་རྒྱལ་ཡོངས་གསུང་བཤད་ཐོག་མཉམ་ཞུགས་སྐབས། ༢༠༡༨།༢།༡༦
OOT Pretoria

ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་གསར་བའི་རྒྱལ་ཡོངས་གསུང་བཤད་ཐོག་མཉམ་ཞུགས་གནང་འདུག
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༦ ཉིན་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཡུལ་དེའི་སྲིད་འཛིན་གསར་པ་ (Ramaphosa) ལགས་ཀྱི་རྒྱལ་ཡོངས་གསུང་བཤད་ཐོག་མའི་མཛད་སྒོའི་ཐོག་མཉམ་ཞུཊ་གནང་ཡོད་པ་དང་། ཁོང་(Inkhata)རང་དབང་ཚོགས་པས་མགྲོན་འབོད་གནང་བ་ཡིན་འདུག
སྲིད་འཛིན་གསར་བའི་གསུང་བཤད་སྐབས་ལྷོ་ཨ་ཧྥེ་རི་ཀའི་གྲོས་ཚོགས་འཐུས་མི་དང་མི་མང་གི་ཁྲོད་དགའ་སྤོབས་དང་བཟང་ཕྱོགས་ཀྱི་རེ་བ་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དུས་སྐབས་འདི་ནི་ཨིན་ཁ་ཏ་རང་དབང་ཚོགས་པའི་ཆབ་སྲིད་མི་སྣ་དང་འབྲེལ་ཡོད་ལས་བྱེད་ཚོ་དང་མཉམ་དུ་བོད་དོན་འབྲེལ་ལམ་སྔར་ལས་ལྷག་པའི་གཏིང་ཟབ་ཏུ་གཏོང་རྒྱུའི་གོ་སྐབས་ཡག་པོ་ཞིག་ཡིན་ཞེས་ སྐུ་ཚབ་དོན་གཅོད་ནས་གསུང་འདུག
ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཡོངས་གསུང་བཤད་ཅེས་པ་དེ་ནི། ཡུལ་དེའི་སྲིད་འཛིན་གསར་པས་གྲོས་ཚོགས་ནང་གསུང་བཤད་ཐོག་མ་གནང་བའི་མཛད་སྒོ་ཚོགས་སྲོལ་ཡོད་པ་དེ་ལ་ཟེར་ཞིང་། སྐབས་དེར་སྲིད་འཛིན་གསར་པས་འདས་བའི་ལོའི་ནང་གྲུབ་འབྲས་ཇི་སོན་དང་། དེ་བཞིན་ལོ་འདིའི་ནང་སྲིད་བྱུས་དང་ལས་གཞི་གང་དག་ལག་བསྟར་བྱ་རྒྱུའི་སྐོར་གསུང་བཤད་གནང་ཡོད་འདུག
མཛད་སྒོ་དེའི་སྐབས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་གཙོས་གདན་ཞུའི་སྐུ་མགྲོན་ཁག་ཅིག་ཨིན་ཁ་ཏ་རང་དབང་ཚོགས་པའི་ཚོགས་གཙོ་རྒྱལ་སྲས་ (Buthelezi)ལགས་ཀྱི་ལས་ཁུངས་སུ་གདན་འདྲེན་ཀྱིས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

གསར་འགོད་པ་རྡོ་རྗེ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།