བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་ལྔ་པའི་ལྷན་ཚོགས།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་ལྔ་པའི་ལྷན་ཚོགས་དེ་བཞིན་ཉིན་གསུམ་རིང་བཞུགས་སྒར་དུ་སྐོངས་འཚོགས་གནང་བཞིན་ཡོད་པ་རེད་
2008-09-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་ལྔ་པའི་ལྷན་ཚོགས་དེ་བཞིན་དེ་རིང་སྤྱི་ཚེས་ཉི་ཤུ་བཞི་ནས་འགོ་བཙུགས་ཀྱིས་ཉིན་གསུམ་རིང་བཞུགས་སྒར་རྡ་རམ་ས་ལའི་སྟོད་པའི་སྐྱིད་སྡུག་གི་ཚོགས་ཁང་ནང་སྐོངས་འཚོགས་གནང་བཞིན་ཡོད་པ་རེད་

ལྷན་ཚོགས་དེའི་ཐོག་བོད་མིའི་སྤྱི་ཚོགས་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་ཁག་མཉམ་ཞུགས་གནང་བའི་ཐོག་བོད་ མི་མང་སྤྱི་འཐུས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ནས་ཀྱང་གཞུང་འབྲེལ་མིིན་པའི་ཐོག་ནས་ལྷན་ཚོགས་དེའི་ཐོག་མཉམ་ཞུགས་གནང་ཡོད་པ་སོགས་ཁྱོན་ལྷན་ཚོགས་དའེི་ནང་མི་མང་བརྒྱ་ལྷག་ཙམ་ཞིག་མཉམ་ཞུགས་གནང་ཡོད་པ་རེད་ ཉིན་གསུམ་རིང་སྐོངས་འཚོགས་གནང་རྒྱུའི་མང་གཙོ་ཚོགས་པའི་ལྷན་ཚོགས་དེའི་ནང་གཙོ་བོ་བོད་དོན་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་གནང་རྒྱུ་དང་ དེ་བཞིན་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་འོས་འདེམས་གནང་རྒྱུའི་ལས་དོན་ཁྱབ་བསྒྲགས་དང་ མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་སྐོར་དང༌ དེ་ག་ནང་བཞིན་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་ལས་གསར་འདེམས་གནང་རྒྱུ་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད་ ལྷན་ཚོགས་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་ན་ རིང་མིན་ཕྱི་ཟླ་བཅུ་གཅིག་ནས་སྐོངས་འཚོགས་གནང་རྒྱུའི་དམིགས་བསལ་གྱི་ལྷན་ཚོགས་དེའི་ནང་རྒྱལ་ཡོངས་མང་གཙོ་ཚོགས་པ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་མཉམ་ཞུགས་གནང་སྟེ་དམངས་ཁྲོད་ཀྱི་དགོངས་ཚུལ་ཁག་ལྷན་ཚོགས་དའེི་ཐོག་གསལ་སྟོན་གནང་དགོས་ཀྱི་ཡོད་པ་རེད་ཅེས་དང་ ཡང་ཁོང་གིས་དམིགས་བསལ་གྱི་ལྷན་ཚོགས་དེ་བཞིན་བོད་ནང་དུ་ཡོད་པའི་བོད་མི་ཚོའི་གནད་དོན་སྐོར་དང་དེས་བོད་ནང་གི་བོད་མི་ཚོའི་དགོངས་ཚུལ་དང་གཟིགས་ཕྱོགས་སོགས་ཕྱིར་སྟོན་ཐུབ་པའི་ཆེད་དུ་ཡིན་པས་དེར་ཡོད་ཚང་མས་ལྷན་ཚོགས་དེའི་ཐོག་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་ ཡང་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིན་འཛིན་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཕ་མ་དང་ཕྲུ་གུ་ནང་བཞིན་གྱི་འབྲེལ་ལམ་བཟང་པོ་ཡོད་ལུགས་སོགས་སྐོར་ལྷན་ཚོགས་དེའི་ཐོག་གསུངས་བཤད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།