བལ་ཡུལ་དུ་ཧིན་རྡུའི་སློབ་གཉེར་ཁང་དུ་སློབ་འཇུག་སྐོར།

བལ་ཡུལ་དུ་ཧིན་རྡུའི་སློབ་གཉེར་ཁང་ནང་སློབ་འཇུག་བྱེད་རྒྱུར་རིགས་རུས་ཀྱི་དབྱེ་འབྱེད་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག

2009.06.18

༄༅༎བལ་ཡུལ་དུ་ཧིན་རྡུའི་སློབ་གཉེར་ཁང་ནང་སློབ་འཇུག་བྱེད་རྒྱུར་རིགས་རུས་ཀྱི་དབྱེ་འབྱེད་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག

ཕྱི་ལོ་༡༩༧༤ལོར་གསར་བཙུགས་བྱས་པའི་བལ་ཡུལ་ནང་གི་པ་ཤུ་པ་ཏི་ལྦི་ད་ཡ་པིཏ་ཞེ་སཔའི་ཧིན་རྡུའི་ཆོས་ཕྱོགས་ཀྱི་སློབ་གཉེར་ཁང་དེའི་ནང་ད་བར་བྲམ་གཟེའི་རིགས་མ་གཏོགས་ཧིན་རྡུའི་ཆོས་བྱེད་པ་ཚོས་ཐ་ཞན་དུ་བརྩིས་པའི་ད་ལིཏ་འམ་རིགས་དམན་པའི་ཕྲུ་གུ་ཚོར་སློབ་འཇུག་བྱེད་སྲོལ་མེད་པ་རེད། འོན་ཀྱང་སྔ་ལོ་ཁྲིམས་རྩོད་པ་ཞིག་གིས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པའི་ནང་གོང་ཞུས་སློབ་གཉེར་ཁང་དེའི་བྱ་སྤྱོད་ནི་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ལུགས་ཞུས་ཡོད་པ་རེད། དེ་འདྲའི་གནས་སྟངས་འོག་ཁྲིམས་ཁང་ནས་མ་འོངས་པར་རིགས་རུས་དབྱེ་འབྱེད་བྱེད་ཆོག་གི་མེད་ཅེས་བཀོད་ཁྱབ་བཏང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག

གནད་དོན་དེའི་ཐོག་སློབ་གཉེར་ཁང་གི་འགན་འཛིན་དུས་གལ་གྱིས་ཀྱང་ང་ཚོས་ད་བར་གནའ་སྔ་མོ་ནས་ཡོད་པའི་ལུགས་སྲོལ་རྒྱུན་འཛིན་བྱས་ནས་བྲམ་གཟེའི་རིགས་ཀྱི་ཆོས་དཔོན་བྱེད་ཀྱི་ཡོད་རེད། ཡིན་ནའང་ད་ཆ་ཁྲིམས་ཁང་ནས་ཐག་ཆོད་གནང་བ་དེའི་ཐོག་གུས་བརྩི་ཞུ་གི་ཡིན་ཞེས་འགྲེལ་བརྗོད་བྱས་པས་མ་ཟད་མ་འོངས་པར་སློབ་འཇུག་བྱེད་རྒྱུ་ལམ་ལུགས་གསར་གཏོད་བྱེད་རྒྱུ་ཡིན་འདུག བལ་ཡུལ་རྒྱལ་ཁབ་ནི་བརྒྱ་ཆ་དགུ་བཅུ་ཙམ་ཧིན་རྡུའི་ཆོས་ཉམས་ལེན་བྱེད་མཁན་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎