བལ་ཡུལ་དུ་གློག་མཁོ་འདོན་གྱི་དཀའ་ངལ་ཡོད་པའི་གནས་ཚུལ།

མའོ་གྱེན་ལོག་ཤོག་ཁག་གིས་སྣེ་ཁྲིད་པའི་བལ་ཡུལ་གཞུང་གིས་དེ་རིང་བལ་ཡུལ་རྒྱལ་ཡོངས་སུ་གློག་གི་དཀའ་ངལ་ཡོད་པའི་གསལ་བསྒྲགས་བྱས་པ།
2008-12-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎མའོ་གྱེན་ལོག་ཤོག་ཁག་གིས་སྣེ་ཁྲིད་པའི་བལ་ཡུལ་གཞུང་གིས་དེ་རིང་བལ་ཡུལ་རྒྱལ་ཡོངས་སུ་གློག་གི་དཀའ་ངལ་ཡོད་པའི་གསལ་བསྒྲགས་བྱས་ཏེ་མ་འོངས་པར་ཉིན་རེར་བལ་ཡུལ་རྒྱལ་ཡོངས་སུ་ཉུང་མཐར་ཆུ་ཚོད་བཅུ་དྲུག་རིང་གློག་མཁོ་འདོན་བྱ་ཐུབ་རྒྱུ་མིན་པའི་སྐོར་བལ་ཡུལ་གྱི་དཔོན་རིགས་ནས་བཤད་ཡོད་པ་རེད།

དེ་ཡང་རེས་གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་ཆུ་གློག་བློན་ཆེན་སྦིཤི་ནུ་པའོ་ཌེལ་ཡིས་གསུང་ན་ད་ལྟའི་ཆར་བལ་ཡུལ་རྒྱལ་ཁབ་ལ་གློག་གི་ནུས་ཤུགས་མཁོ་འདོན་བྱ་རྒྱུ་མི་འདེངས་བའི་དཀའ་ངལ་འཕྲད་བཞིན་པར་བརྟེན་ནས་མི་དམངས་ལ་གློག་གི་མཁོ་འདོན་བརྒྱ་ཆ་ལྔ་བཅུ་ལས་བྱ་ཐུབ་ཐབས་མེད་པར་སོང་ང་ཚོས་བལ་ཡུལ་རྒྱལ་ཡོངས་སུ་གློག་གི་དཀའ་ངལ་ཡོད་པའི་གསལ་བསྒྲགས་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་པ་དང་རྒྱལ་ཁབ་ཀྱི་ངོས་ནས་ཁྱིམ་མཚེས་རྒྱ་གར་ནས་གློག་མཁོ་འདོན་མང་ཙམ་ནང་འདྲེན་བྱ་རྒྱུ་དང་ཆུ་ཤུགས་གློག་ཁང་མང་ཙམ་འཛུགས་སྐྲུན་བྱ་རྒྱུ་དེ་བཞིན་རྡོ་སྣུམ་གྱིས་ནུས་ཤུགས་ལ་བརྟེན་པའི་གློག་མཁོ་འདོན་བྱ་རྒྱུའི་ལས་གཞི་དེ་དག་ཐོག་འབད་བརྩོན་གནང་རྒྱུའི་འཆར་གཞི་ཡོད་ཀྱང་ལས་གཞི་དེ་དག་ཀྱང་འཆར་གཞི་ལྟར་དངོས་སུ་གྲུབ་འབྲས་སོན་པར་ཉུང་མཐར་དུས་ཡུན་ལོ་ལྔ་འགོར་གཞི་ཡོད་པའི་ལས་གཞི་ཡིན་པ་གསུང་ཡོད་པ་རེད།

གང་ལྟར་གཟའ་འཁོར་རྗེས་མ་ནས་འགོ་བཙུགས་ཏེ་བལ་ཡུལ་རྒྱལ་ཡོངས་སུ་ཉིན་རེར་ཚོུད་བཅུ་གཉིས་རིང་གློག་མེད་པ་བཟོ་རྒྱུ་དང་དེ་རྗེས་ཕྱི་ཟླ་གཉིས་པའི་ཟླ་དཀྱིལ་ནས་ཚོུད་བཞི་མང་དུ་བཏང་སྟེ་ཉིན་རེར་ཚོུད་བཅུ་དྲུག་གློག་མེད་པ་བཟོ་རྒྱུའི་འཆར་གཞི་ཡོད་ཅིང་བལ་ཡུལ་གྱི་མི་འབོར་ས་ཡ་ཉི་ཤུ་རྩ་བརྒྱད་ནས་གློག་མཁོ་འདོན་བྱ་ཐུབ་པ་མི་དམངས་བརྒྱ་ཆ་བཞི་ཅུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།