བལ་ཡུལ་དུ་གནས་སྡོད་བོད་མིའི་གནས་བབ་ཐག་གཅོད་བྱེད་རྒྱུ།

བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་བཙན་བྱོལ་བ་ཚོའི་གནས་བབ་ཐོག་གང་མགྱོགས་ཐག་གཅོད་བྱེད་འཆར།
2008-09-23
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་བཙན་བྱོལ་བ་ཚོའི་གནས་བབ་ཐོག་གང་མགྱོགས་ཐག་གཅོད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

རེས་གཟའ་ཟླ་བའི་ཉིན་བལ་པོའི་སྲིད་བློན་གཞོན་པ་གོ་ཏམ་གྱིས་བལ་ཡུལ་གྱི་པོཀ་ར་ས་གནས་སུ་གསར་འགོད་པའི་འདྲི་བ་དང་ལེན་གནང་སྐབས་གསུང་དོན། བལ་ཡུལ་ནང་གི་གནས་སྡོད་བོད་མི་དེ་དག་གི་གནས་བབ་ཐད་ཁྲིམས་ལུགས་གཞིར་བཟུང་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་གསུང་སྟེ་བལ་ཡུལ་ནང་གི་བོད་མིའི་ཚོའི་ཐོག་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡིན་ཞིང༌། དེ་ཡང་ཁོང་གིས་གསུང་པར། བལ་ཡུལ་གཞུང་གིས་བལ་ཡུལ་ས་ཐོག་ལ་ངོ་རྒོལ་ལས་འགུལ་རིགས་མཚམས་འཇོག་ཡོང་ཐབས་ཀྱི་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ཞིང༌། ང་ཚོས་བོད་མི་ངོ་རྒོལ་བྱེད་མཁན་འཛིན་བཟུང་བྱ་རྒྱུ་དང་ཡིན་ནའང་ཐོག་མར་ངོ་སྤྲོད་ལག་འཁྱེར་ཡོད་པའི་བོད་མིའི་ཐོག་ལག་བསྟར་བྱ་རྒྱུ་དང་ངོ་སྤྲོད་ལག་འཁྱེར་མེད་པ་རྣམས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལས་དོན་ཁང་དུ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། ད་དུང་ཁོང་གི་གསུང་པའི་བཀའ་མོལ་དེའི་སྐོར་རེས་གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་ཀན་ཏི་པུར་ཞེས་པའི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་གྱི་པར་ངོས་ཐོག་ལའང་ལུང་འདྲེན་བྱས་ཡོད་ཅིང༌། དེའི་ནང་དུ་ལའང་ད་ལྟའི་འཆར་བལ་ཡུལ་ནང་དུ་ངོ་སྤྲོད་ལག་འཁྱེར་ཡོད་པ་དང་ལག་འཁྱེར་མེད་པར་སྐྱབས་བཅོལ་བའི་གནས་བབ་ཐོག་གནས་སྡོད་བྱེད་བཞིན་པའི་བོད་མི་ཆིག་ཁྲི་བཞི་སྟོང་ཙམ་ཡོད་པ་དང་ལོ་ལྟར་བཞིན་བོད་ནས་བཙན་བྱོལ་བ་བོད་མི་ཉིས་སྟོང་ལྔ་བརྒྱ་ཙམ་བལ་ཡུལ་དུ་ཡོང་མཁན་ཡོད་ནའང་བལ་ཡུལ་གཞུང་ཕྱོགས་ནས་ཕྱི་ལོ་༡༩༨༥གོང་དུ་བལ་ཡུལ་ནང་བཙན་བྱོལ་དུ་འབྱོར་བའི་བོད་མི་རྣམས་ལ་ངོ་སྤྲོད་ལག་འཁྱེར་སྤྲད་པ་ལས་དེའི་རྗེས་ནས་བལ་ཡུལ་གཞུང་གིས་བོད་མི་རྣམས་ལ་ངོ་སྤྲོད་ལག་འཁྱེར་སྤྲོད་རྒྱུ་མཚམས་འཇོག་བྱས་ཏེ་ད་བར་མི་ལོ་བཅུ་གསུམ་འགྲོ་གི་ཡོད་པ་དང༌། བལ་པོའི་གཞུང་གིས་བོད་མི་འཛིན་བཟུང་བྱས་པ་མང་ཆེ་བ་ནི་ངོ་སྤྲོད་ལག་འཁྱེར་མེད་པའམ་ཡང་ན་བལ་ཡུལ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་མེད་པའི་ཁྲིམས་འགལ་ཤ་སྟག་ཡིན་པ་དང་གལ་ཏེ་ང་ཚོས་གནས་སྟངས་དེ་བཞིན་མཚམས་འཇོག་ཡོང་ཐབས་མ་བྱས་པ་ཡིན་ཚེ་ང་ཚོ་ཁྲིམས་ལུགས་ལྡན་པའི་རྒྱལ་ཁབ་ཅིག་ཡིིན་པའི་ངོ་བོ་དང་མཐུན་གྱི་མེད་པའི་སྐོར་གསུང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།