བོད་མི་༢༣་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་ལ་རྩིས་སྤྲོད།

བལ་ཡུལ་གཞུང་གིས་བོད་ནས་བྲོས་བྱོལ་དུ་ཕེབས་པའི་བོད་མི་༢༣ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་ལ་རྩིས་སྤྲོད།

2011.09.22

༄༅༎བལ་ཡུལ་གཞུང་གིས་བཀག་ཉར་བྱས་པའི་བོད་ནས་བྲོས་བྱོལ་དུ་ཕེབས་པའི་བོད་མི་༢༣ཚང་མ་ཁ་ས་ཚེས་༢༢ཉིན་བལ་ཡུལ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་ལ་རྩིས་སྤྲོད་གནང་སྟེ་གློད་འགྲོལ་བཏང་བཞག། དེ་ཡང་རྒྱལ་སྤྱི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་དང་ ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁང་ཁག་ཅིག་གིས་བལ་ཡུལ་གཞུང་ལ་འབོད་བསྐུལ་ཞུས་པར་བརྟེན་ ཁ་ས་བོད་མི་སྐྱབས་བཅོལ་བ་༢༣་དེ་དག་ལ་བལ་ཡུལ་གྱི་སྒོར་མོ་བཞི་སྟོང་ལྷག་ཙམ་གྱི་ཉེས་ཆད་བཏང་སྟེ་གློད་འགྲོལ་བཏང་བཞག། ཕྱི་ཟླ་༩ཚེས་༡༡ཉིན་བལ་ཡུལ་གྱི་ཉེན་རྟོག་མི་སྣས་བོད་མི་སྐྱབས་བཅོལ་བ་མི་གྲངས་༢༠་བལ་ཡུལ་བྱང་ཕྱོགས་སྦ་ཇུ་ར་རྫོང་གི་ས་ཁུལ་ནས་འཛིན་བཟུང་བྱས་ཡོད་པ་དང་ ཚེས་༡༣ཉིན་བསྐྱར་དུ་བོད་མི་གསུམ་བལ་ཡུལ་བྱང་དཀྱིལ་སིན་རྡུ་པལ་ཆོཀ་རྫོང་གི་སྦ་ར་སྦའེསི་ཞེས་པའི་ས་ཁུལ་ནས་འཛིན་བཟུང་བྱས་ཡོད་པ་རེད། བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་མི་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་བོད་ལ་ཕྱིར་ལོག་གཏོང་དགོས་སྐོར་ཡིག་ཐོག་ནས་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་རེད། བོད་མི་སྐྱབས་བཅོལ་བ་དེ་དག་འཛིན་བཟུང་བྱས་པ་ནས་ཁ་ས་ཚེས་༢༢་བར་ཉིན་མ་མང་པོའི་རིང་བལ་ཡུལ་གཞུང་གིས་བཀག་ཉར་བྱས་པ་དེ་ཡང་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བཀག་ཉར་བྱས་པ་ཞིག་ཡིན་པ་རེད།
བལ་ཡུལ་གཞུང་གིས་ཁ་ས་གློད་འགྲོལ་བཏང་པའི་བོད་མི་སྐྱབས་བཅོལ་བ་བུ་༡༨དང་བོུ་༥བཅས་བསྡོམས་མི་གྲངས་༢༣་ཡོད་པ་དེ་དག་གཞོན་སྐྱེས་ཤ་སྟག་ཡིན་པ་དང་ ཁོང་ཚོ་བོད་ཀྱི་ཁམས་སྡེར་སྒེ་དང་ དཀར་མཛེས་ འབའ་ཐང་བཅས་ནས་སྐྱབས་བཅོལ་དུ་ཕེབས་པ་དེ་འདྲ་ཡིན་འདུག་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎