བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོའི་འོས་བསྡུ་ཕམ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་གཙོའི་འོས་བསྡུའི་ནང་བལ་ཡུལ་གྱི་གཞུང་ཚབ་པ་ཕམ་ཡོད་པ་རེད།

2011-02-26
Share

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་གཙོའི་འོས་བསྡུའི་ནང་བལ་ཡུལ་དང་ཨ་རབ་མི་རིགས་ཀྱི་རྒྱལ་ཁབ་ཀ་ཊར་དབར་གདམ་ང་བྱ་རྒྱུའི་ཆེད་དུ་རྒྱལ་ཁབ་གྲངས་༡༩༢ཙམ་ལས་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོངས་ཀྱི་ཨེ་ཤེ་ཡའི་རྒྱལ་ཁབ་

ཁག་ཅིག་གིས་ལུགས་མཐུན་གཞིར་བཟུང་གསང་བའི་འོས་བསྡུ་བྱས་པའི་འབྲས་བུར་བལ་ཡུལ་གྱི་རྒྱལ་ཚོགས་གཞུང་ཚབ་པ་སྐུ་ཞབས་གོ་ཏམ་ཞུ་བ་འོས་ཤོག་ཁ་ཤས་གཅིག་གིས་ཕམ་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༦༦པ་དེ་ད་ལོའི་ཕྱི་ཟླ་༦པའི་ནང་སྐོང་ཚོགས་གནང་སྐབས་ཀ་ཊར་གྱི་རྒྱལ་ཚོགས་སྐུ་ཚབ་ཨབ་རྡུལ་ཨ་ཛིཛ་ཨལ་ན་སེར་ཞུ་བར་རྒྱབ་སྐྱོར་དང་སྦྲགས་ཚོགས་ཆེན་གྱི་རེ་མོས་ཚོགས་གཙོར་བསྐོ་གཞག་གནང་རྒྱུ་ཡིན་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ནང་གི་བལ་ཡུལ་གྱི་གཏན་འཇགས་གཞུང་ཚབ་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ཁོང་ཕམ་པའི་རྒྱུ་མཚན་ནི་བལ་ཡུལ་གྱིས་ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་གཞན་དང་མཉམ་དུ་འབྲེལ་བ་གནང་སྟངས་ཐད་ཉམ་ཆགས་ཕྱིན་པའི་ཤུགས་རྐྱེན་ཡིན་པ་རེད། ཨེ་ཤེ་ཡའི་གླིང་ཕྲན་དེའི་ཁོངས་ཀྱི་རྒྱལ་ཁབ་ཚོའི་སྐུ་ཚབ་ཀྱིས་གསང་བའི་འོས་བསྡུའི་ལམ་ནས་ཚོགས་གཙོ་འདེམས་ཀ་བྱེད་པ་རྒྱལ་ཚོགས་ཀྱི་འདས་པའི་ལོ་རྒྱུས་ནང་ཐོག་མར་ཡིན་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།