བལ་ཡུལ་ནང་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་ལས་ཁུངས་སྒོ་བརྒྱབ་རྒྱུ།

བལ་ཡུལ་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དེ་གཟའ་འཁོར་གཉིས་ཀྱི་ནང་སྒོ་བརྒྱབ་རྒྱུ་ཡིན་པའི་གནས་ཚུལ།

2010-12-31
Share

༄༅༎བལ་ཡུལ་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དེ་གཟའ་འཁོར་གཉིས་ཀྱི་ནང་སྒོ་བརྒྱབ་ཀྱི་ཡོད་ཅིང་།་རྒྱལ་ཚོགས་ཀྱི་དྲུང་ཆེ་ བྷན་ཀི་མུན་མཆོག་གིས་ ལོ་བཞིའི་སྔོན་བལ་ཡུལ་གྱི་ནང་འཁྲུག་མཇུག་བསྒྲིལ་རྗེས་འགོ་བཙུགས་པའི་ཞི་བདེ་འཕེལ་རིམ་གྱི་ལས་འཆར་ཁག་ཡར་རྒྱས་གྲུབ་འབྲས་ཀྱི་ཚད་གཞི་ཧ་ཅང་དམའ་པོ་ལས་བྱུང་མེད་པར་བརྟེནད་ཆ་ཞི་བདེའི་ལས་འཆར་ཁྱོན་ཡོངས་ཀྱི་གནས་སྟངས་ཐད་སེམས་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པ་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ལ་ཕུལ་བའི་སྙན་ཐོ་ཞིག་གི་ནང་གསུངས་འདུག

ད་དུང་སྙན་ཐོ་དེའི་ནང་རྒྱལ་ཚོགས་ཀྱི་དྲུང་ཆེས་ བལ་ཡུལ་གྱི་ནང་ཡུན་རིང་ཆབ་སྲིད་ཀྱི་བརྟན་ལྷིངས་མེད་པའི་རྐྱེན་གྱིསཞི་བདེའི་འཕེལ་རིམ་གྱི་ལས་འཆར་ཁག་ལ་འགོག་རྐྱེན་ཆེན་པོ་བཟོས་པ་དང་འབྱུང་རྒྱུར་གྱི་ཟླ་བ་འགའ་ཤས་ནང་ལས་དོན་དུས་བཀག་གི་ཚད་གཞི་མང་པོ་ཞིག་མཇུག་བསྒྲིལ་ཟིན་གྱི་ཡོད་ན་ཡང་  ཡར་རྒྱས་གྲུབ་འབྲས་ལྡན་པའི་ལས་དོན་ཟིན་ཐོ་ཞིག་འབྱུང་རྒྱུ་མིན་པར་བརྟེནབལ་ཡུལ་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ནས་བློ་ཚབས་ཆེན་པོ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

འོན་ཀྱང་རྒྱལ་ཚོགས་ཀྱི་དྲུང་ཆེས་ ཕྱི་ལོ་ ༢༠༠༦ ལོར་ཞི་བདེའི་ཆིངས་ཡིག་བཞག་པ་ནས་བཟུང་བལ་ཡུལ་གཞུང་དང་མའོའི་གྱེན་ལོག་དབར་གི་ནང་འཁྲུག་མཇུག་བསྒྲིལ་ཐུབ་པ་བྱུང་བ་སོགས་བཟང་ཕྱོགས་ཀྱི་གནས་ཚུལ་མང་དག་ཅིག་བྱུང་བ་ངོས་ལེན་གནང་པ་དང་དུས་མཚུངསལོ་བཞི་ཕྱིན་པའི་རྗེས་སུ་ད་དུང་ཡང་རྩ་ཁྲིམས་གསར་པའི་ཟིན་བྲིས་བཟོས་མ་ཐུབ་པ་དང་ཞི་བདེའི་ཆིངས་ཡིག་ནང་གསལ་བའི་མའོའི་གྱེན་ལོག་གི་ཡུལ་དམག་དེ་དག་རྒྱལ་ཁབ་ཀྱི་དམག་ཞབས་ཁོངས་སུ་ཟླ་བསྒྲིལ་གཏོང་རྒྱུ་སོགས་ཀྱི་ལས་དོན་བསྒྲུབ་ཐུབ་མེད་པ་གསལ་འདོན་ཡང་གནང་ཡོད་པ་རེད།

བལ་ཡུལ་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དེ་ཕྱི་ཟླ་དང་པོའི་ཚེས་ ༡༥ ཉིན་ནས་སྒོ་རྒྱབ་ཀྱི་ཡོད་ཅིང་ ་ལས་ཁུངས་འདི་ཕྱི་ལོ་ ༢༠༠༧ ལོར་ བལ་ཡུལ་གྱི་མའོའི་གྱེན་ལོག་ཤོག་ཁག་གི་ཡུལ་དམག་དང་ཁོང་ཚོའི་གོ་མཚོན་ཕྱིར་བསྡུའི་ལས་རིམ་ལ་རྟོག་ཞིབ་ཆེད་བཙུགས་པ་ཞིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།