བལ་ཡུལ་ནང་མའོ་གྱེན་ལོག་དམག་མི་ཕྲུ་གུ་གསུམ་སྟོང་གློད་འགྲོལ།
2009.12.16
༄༅༎བལ་ཡུལ་ནང་དེ་སྔ་མའོ་གྱེན་ལོག་པའི་བཙན་དབང་འོག་དམག་མིར་འཛུལ་ཞུགས་བྱས་པ་དང་དེ་རྗེས་རྒྱལ་ཚོགས་ཀྱི་བལྟ་རྟོག་འོག་ཡོད་པའི་ཕྲུ་གུ་གསུམ་སྟོང་གློད་འགྲོལ་གཏོང་རྒྱུ་ཡིན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་དམིགས་བསལ་སྐུ་ཚབ་ར་རྡི་ཁ་ཀུ་མ་ར་སོ་ལྦ་མི་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བདུན་ནས་འགོ་འཛུགས་ཀྱིས་ཉིན་གྲངས་ཞི་བཅུ་ནང་ཚུད་གློད་འགྲོལ་གཏོང་རྒྱུའི་ཕྲུ་གུའི་གྲངས་འབོར་དེའི་ནང་འཐབ་རྩོད་ནང་དངོས་སུ་འབྲེལ་བ་མེད་པའི་ཡུལ་མི་ཆིག་སྟོང་ལྷག་ཡོད་ལུགས་འགྲེལ་བརྗོད་གནང་འདུག་ ཕྲུ་གུ་དེ་དག་འདས་པའི་ལོ་གསུམ་རིང་མའོ་ཤོགཁག་གི་དམག་མིའི་སྒྲིགས་ཁོངས་ཚུད་ཡོད་ཀྱང་ད་ཆ་རང་ཁྱིམ་དུ་ཕྱིར་ལོག་གིས་མི་ཚེ་གསར་པ་ཞིག་འགོ་འཛུགས་བྱེད་ཀྱི་རེད་ཅེས་དམིགས་བསལ་སྐུ་ཚབ་ཀྱིས་གསུངས་གནང་འདུག་ དེ་སྔ་མའོ་གྱེན་ལོག་པའི་དམག་མི་༢༤༠༠༠ད་ལྟའི་སྐབས་སུ་རྒྱལ་ཚོགས་ཀྱི་གཟིགས་སྐྱོང་འོག་གི་གཞིས་སྒར་ཁག་ཏུ་གནས་མུས་ཡིན་པ་དང་དེའི་ཁོངས་ནས་༢༩༧༣ལོ་ན་མ་སོན་པའི་བྱིས་པ་ཡིན་པ་དང་དེ་མིན་༡༠༣༠དངོས་སུ་དམག་འཁྲུག་དང་འབྲེལ་བ་མེད་ལུགས་རྒྱལ་ཚོགས་ཀྱིས་ཞིབ་འཇུག་གནང་ཡོད་འདུག༎