བལ་པོའི་བོུ་ཞིག་ལ་ལྷ་མོའི་སྐུ་རྟེན་ལ་བསྐོ་བཞག་བྱས་ཡོད་པ་རེད་

མའོའི་ཚོགས་པའི་གཞུང་གིས་རང་ལོ་དྲུག་ལ་སོན་པའི་ན་ཆུང་བུ་མོ་ཞིག་སྦཀ་ཊ་པུར་གྲོང་ཁྱེར་གྱི་ལྷ་མོའི་སྐུ་རྟེན་ལ་བསྐོ་བཞག་བྱས་ཡོད་པ་རེད་
2008-09-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དེ་སྔ་བལ་ཡུལ་གྱི་རྒྱལ་པོའི་དབུ་བླས་བུ་མོ་ན་ཆུང་ལོ་ལྔ་དྲུག་བྱས་པར་ལྷ་མོའི་སྐུ་རྟེན་ལ་བཀོད་སྲོལ་ཡོད་པ་ལྟར་དེ་རིང་མའོའི་ཚོགས་པའི་གཞུང་གིས་རང་ལོ་དྲུག་ལ་སོན་པའི་ན་ཆུང་བུ་མོ་ཤིརི་ཡ་སྦཇེ་ར་ཅར་ཡ་ཞུ་བར་རྒྱལ་ས་ཀཐ་མན་དྲུའི་ཉེ་འདབ་སྦཀ་ཊ་པུར་ཞེས་པའི་གྲོང་ཁྱེར་གྱི་ལྷ་མོའི་སྐུ་རྟེན་ལ་བསྐོ་བཞག་བྱས་ཡོད་པ་རེད་

དེ་ཡང་གྲོང་ཁྱེར་དེའི་གཞུང་གི་རིག་གཞུང་དོ་དམ་ཚན་པའི་དཔོན་རིགས་རྡི་པཀ་སྦ་ཧ་རྡུར་པན་ཌེ་ཞུ་བས་རོའུ་ཀྲར་སེ་གསར་འགྱུར་ལས་ཀང་ལ་གཞུང་གིས་ང་ཚོར་ལྷ་མོའི་སྐུ་རྟེན་བསྐོ་བཞག་བྱ་རྒྱུའི་འགན་དབང་གནང་བ་ལྟར་ང་ཚོས་བུ་མོ་ཤིརི་ཡ་ལ་བསྐོ་བཞག་བྱས་པ་ཡིན་ཞེས་ངོ་སྤྲོད་གནང་ཡོད་པ་དང་ བུ་མོ་ན་ཆུང་དེ་རེས་གཟའ་ཉི་མའི་ཉིན་ནང་པའི་དགེ་འདུན་པ་ཚོས་སྨོན་ལམ་གསོལ་འདེབས་དང་བཅས་ཁྲི་འདོན་བྱས་ཡོད་པ་དང་བུ་མོ་དེར་བལ་ཡུལ་ནང་གི་ཧིན་རྡུ་དང་ནང་པ་ཚོས་ཀུ་མ་རི་ཞེས་ན་སོ་མ་སོན་གྱི་བར་ལྷ་མོའི་ཚུལ་དུ་དད་གུས་གསོལ་འདེབས་བྱེད་ཀྱི་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།