བལ་ཡུལ་གྱི་སྲིད་བློན་ནས་བློན་ཆེན་བཅོ་ལྔ་བསྐོ་བཞག་གནང་བ།

བལ་ཡུལ་གྱི་སྲིད་བློན་གསར་པའི་དམ་བཅའ་བཞེས་མཁན་པར་ཅན་རྡ་ནས་ཁ་ས་བློན་ཆེན་བཅོ་ལྔ་བསྐོ་བཞག་གནང་འདུག

2008-08-31
Share

༄༅༎བལ་ཡུལ་གྱི་སྲིད་བློན་གསར་པ་ པར་ཅན་རྡ་ མཆོག་ནས་ཁ་ས་བློན་ཆེན་༡༥བསྐོ་བཞག་གནང་འདུག

དེ་ཡང་ཟླ་བ་སྔོན་མའི་ནང་བལ་ཡུལ་གྱི་སྲིད་བློན་གསར་པའི་དམ་བཅའ་བཞེས་མཁན་ པར་ཅན་རྡ་ མའོའི་དམར་ཤོག་ཚོགས་པའི་ཁོངས་ནས་བློན་ཆེན་དྲུག་དང་ སི་པི་ཨེན་འམ་བལ་ཡུལ་གྱི་མར་ཁེ་སི་ལེ་ནིན་དམར་ཤོག་ཚོགས་པ་ནས་བློན་ཆེན་དྲུག་ དེ་བཞིན་སྲིད་དོན་ཚོགས་པ་གཞན་ཆུང་ཚགས་གསུམ་ནས་བློན་ཆེན་རེ་འདེམས་བསྐོ་གནང་བའི་སྐོར་སྲིད་བློན་ལས་ཁང་གི་དཔོན་རིགས་ སུ་རེཤ་ཨ་རྡི་ཀ་རི་ ཡིས་ཁ་ས་ཕེ་རན་སིའི་གསར་ལས་ཁང་ལ་གསུངས་འདུག ཡང་ཨ་རྡི་ཀ་རི་ཡིས་གོང་ཞུས་བློན་ཆེན་གསར་པ་༡༥ཐེ་བའི་ད་བར་བཀའ་བློན་༢༤ཡོད་སྐོར་གསུངས་ཡོད་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།