སྐུ་སྒེར་ཡིག་ཚང་གིས་༧གོང་ས་མཆོག་གི་གསུང་ཆོས་ཞུ་རྒྱུར་ཐོ་བཀོད་བྱ་ཕྱོགས་སྐོར་གྱི་ལམ་སྟོན་གསར་པ་གནང་ཡོད་པ།

2019-01-12
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
དགའ་ལྡན་ཕོ་བྲང༌།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་རིང་མིན་སྤྱི་ཟླ་༢ ཚེས་ ༡༩ ཉིན།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་བཀྲིན་ཆེ་གནང་མཛད་རྒྱུ་དང་།  དེ་རྗེས་སྤྱི་ཚེས་༢༠ནས་༢༤བར་ཉིན་གྲངས་བཞིའི་རིང་དབུ་མ་སྙིང་པོའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ། དེ་ནས་སྤྱི་ཚེས་༢༧གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པ་མི་འདྲ་བ་ཁག་བཞི་ཡིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་རིམ་ཡོད་པ་ལྟར།   གསུང་ཆོས་གནང་རིང་གསུང་ཆོས་ཞུ་མཁན་ཚོར་ཐོ་བཀོད་ཀྱི་ལམ་སྟོན་གསར་པ་གནང་འདུག
དེ་ཡང་སྐུ་སྒེར་ཡིག་ཚང་གིས་༧གོང་ས་མཆོག་གི་གསུང་ཆོས་ཞུ་རྒྱུར་ཐོ་བཀོད་བྱ་ཕྱོགས་སྐོར་གྱི་ལམ་སྟོན་གསར་པ་གནང་བ་དེའི་ནང་།   སྐུ་སྒེར་ཡིག་ཚང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་རྣམས་ཀྱིས་གསུང་ཆོས་ཞུ་རྒྱུར་རང་ཉིད་ཀྱི་ངོ་སྤྲོད་ལག་འཁྱེར་སྟོན་གནང་དགོས་པ་ལས་ཟུར་དུ་ཐོ་བཀོད་གནང་དགོས་ཀྱི་མེད་པ་གསུངས་འདུག
འདས་པའི་དུས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་གནང་རིམ་བཞིན་བོད་མི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་ཐོ་བཀོད་གནང་གི་ཡོད་ནའང་།  ད་ལན་ཐོ་བཀོད་ཐེངས་གཅིག་ཟིན་པ་ཡིན་ན་དེ་ལོ་གང་ཚར་བེད་སྤྱོད་གཏོང་ཆོག་རྒྱུ་ཡིན་པ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། དེ་མིན་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་། བོད་ཁྱིམ་སློབ་གྲའི་ལས་བྱེད།  བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་ཚོ།   དེ་བཞིན་ས་གནས་བོད་མི་བཅས་ལ་ཁྱབ་ཀྱི་འདུག
འོན་ཀྱང་གསུང་ཆོས་ཞུ་རྒྱུའི་མིང་ཐོ་གསར་དུ་བཀོད་གནང་མཁན་གྱི་བོད་མི་ཞིག་ཡིན་ཚེ།   ཡང་ན་རྡ་རམ་ས་ལར་དེབ་བསྐྱེལ་གནང་བའི་བཙན་བྱོལ་བོད་མིའི་ལག་འཁྱེར་RCདགོས་ཀྱི་ཡོད་པ་དང་། དེ་མིན་ན་རྡ་རམ་ས་ལར་འབྱོར་བའི་ཚེས་གྲངས་དང་ས་གནས་ག་ནས་ཐོན་པ་ཡིན་ན་ཡང་ཐོན་ཚེས་འཁོད་པའི་ཡིག་ཆ་སྟོན་དགོས་ཀྱི་འདུག གལ་ཏེ་རྡ་སར་འབྱོར་ཚེས་དང་ཐོན་ཚེས་འཁོད་པའི་ཡིག་ཆ་ཁ་གསལ་སྟོན་རྒྱུ་མེད་ཚེ། རྡ་རམ་ས་ལའི་ས་གནས་བདེ་དོན་ནས་རྒྱབ་གཉེར་ཡི་གེ་ཞིག་ཞུ་དགོས་ཀྱི་འདུག     དེ་མིན་རྒྱ་གར་ཡུལ་མི་ཚོས་གཏན་སྡོད་ཁ་སྦྱང་འཁོད་པའི་ཁྲིམས་མཐུན་ངོ་སྤྲོད་ལགས་འཁྱེར་སྟོན་དགོས་ཀྱི་འདུག ཡང་རྡ་རམ་ས་ལར་གནས་སྡོད་བྱེད་མཁན་ཕྱི་རྒྱལ་མི་རིགས་ཡིན་ཚེ་ཀངྒ་ར་རྫོང་གྱི་རྒྱ་གར་ཉེན་རྟོགས་ལས་ཁུང་ནས་ལོ་ལྔ་བར་སྡོད་ཆོག་རྒྱུའི་ཆོག་མཆན་ཡིག་ཆ་དགོས་ཀྱི་འདུག
གོང་ཞུས་ལམ་སྟོན་གཏན་འབེབས་བཞིན་གསུང་ཆོས་ཞུ་རྒྱུའི་མིང་ཐོ་གསར་དུ་དེབ་བསྐྱེལ་གནང་མཁན་ཚོས་ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་དང་པོའི་ཚེས་༡༥ནས་ཕྱི་ཟླ་དང་པོའི་ཚེས་༢༥བར་རྡ་རམ་ས་ལའི་མེག་ལོར་གན་ཇིར་ཡོད་པའི་བདེ་སྲུང་ལས་ཁུངས་ཀྱི་ཡན་ལག་ཁང་དུ་ཐོ་བཀོད་གནང་སྐབས་རྒྱ་གར་སྒོར་མོ་༢༠རེ་འབུལ་དགོས་ཀྱི་འདུག།

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།