ཧུང་ཤུའུ་ཀྲུ་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱས་པ།


2016.03.26
ཐེ་དབན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་གསར་པ་འོས་འདེམས་བྱས་པ། ཧུང་ཤུའུ་ཀྲུ་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱས་འདུག
ཨེ་ཨེཕ་པི།

༄༅། །ཉེ་སྔོན་ཐེ་དབན་གྱི་སྲིད་འཛིན་འོས་བསྡུའི་ཁྲོད་གོ་མིན་ཏང་ཚོགས་པ་ཕམ་ཉེས་ཆེན་པོ་བྱུང་རྗེས། ཁ་ས་རེས་གཟའ་སྤེན་པའི་ཉིན་གོ་མིན་ཏང་ཚོགས་པས་རྒྱ་ནག་གུང་ཁྲན་གཞུང་དང་འབྲེལ་བ་བཟང་པོ་ཡོད་པའི་དེ་སྔ་གོ་མིན་ཏང་གི་སྲིད་འཛིན་འོས་མིའི་གྲས་ཧུང་ཤུའུ་ཀྲུ་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱས་འདུག
དེའང་ད་ལོའི་སྤྱི་ཟླ་དང་པོའི་ཐེ་དབན་རྒྱལ་ཡོངས་ཀྱི་སྲིད་འཛིན་འོས་བསྡུའི་ཁྲོད། ཐེ་དབན་གོ་མིན་ཏང་ཚོགས་པ་དེ་བཞིན་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་མ་ཟད་། ད་དུང་ཐེ་དབན་གྲོས་ཚོགས་ནང་དུའང་ཕམ་ཉེས་ཆེན་པོ་བྱུང་ཞིང་། ཐེ་དབན་གྱི་ལོ་རྒྱུས་ཐོག་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་གཉིས་ཀའི་ནང་ཕམ་ཉེས་ཆེན་པོ་བྱུང་བ་ཐོག་མ་དེའང་ཆགས་ཡོད་ལ། གནས་ཚུལ་ལ་དབྱེ་ཞིབ་གནང་མཁན་ཚོས། སྐབས་དེའི་འོས་བསྡུའི་ཁྲོད་གོ་མིན་ཏང་ཕམ་ཉེས་ཆེན་པོ་འགྲོ་དགོས་དོན་དེ་ནི། སྲིད་འཛིན་མའ་དབྱིང་ཅུས་འགོ་ཁྲིད་པའི་གོ་མིན་ཏང་ཚོགས་པ་དེས་རྒྱ་ནག་དང་འབྲེལ་བ་ཤིན་ཏུ་ཉེ་པོ་བྱས་པ་ལས་བྱུང་བ་ཞིག་དང་། ཐེ་དབན་གྱི་མི་དམངས་ཚོས་དེ་འདྲའི་གོ་མིན་ཏང་སྲིད་གཞུང་གི་བྱེད་སྟངས་དེས་མ་འོངས་ཐེ་དབན་གྱི་བདག་དབང་དེ་རིམ་བཞིན་རྒྱ་ནག་གུང་ཁྲན་སྲིད་གཞུང་གི་ལག་འོག་ཏུ་ཚུད་སྲིད་པའི་སེམས་འཚབ་ཀྱི་ཐོག་ནས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད་པ་རེད་འདུག  ཁ་སའི་ཐེ་དབན་གོ་མིན་ཏང་གི་ཚོགས་གཙོའི་འོས་བསྡུའི་དེའི་ཐོག་ཧུང་ཤུའུ་ཀྲུ་ལ་འོས་ཤོག་བརྒྱ་ཆ་༥༦དང་གྲངས་ཆུང་༡༦་ཐོབ་སྟེ། ཧུང་ཤུའུ་ཀྲུ་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་ཡོད་ལ། ཧུང་ཤུའུ་ཀྲུ་ནི་རྒྱ་ནག་གཅིག་འགྱུར་གྱི་འདོད་ཚུལ་འཛིན་མཁན་ཞིག་ཡིན་ཡིན་པ་དང་་། ཁ་ས་ཧུང་ཤུའུ་ཀྲུས་། ངས་ཧུར་བརྩོན་ཆེན་པོས་དེ་སྔའི་འོས་བསྡུ་ཕམ་ཉེས་བྱུང་བའི་ཞབས་འདྲེན་དེ་བཞིན་ལེགས་སྒྲུབ་བྱུང་བའི་སྤོབས་སེམས་ཤིག་ཏུ་འགྱུར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་ཅིང་། ཁ་ས་ཧུང་ཤུའུ་ཀྲུ་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་རྗེས། རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་བིང་གིས་རྒྱ་ནག་གུང་ཁྲན་ཏང་གི་སྤྱི་ཁྱབ་དྲུང་ཆེའི་མིང་ཐོག་ནས། ཧུའུ་ཤུའུ་ཀྲུ་ལ་རྟེན་འབྲེལ་ཞུ་བའི་བསྟར་ཡིག་ཅིག་བཏང་ཞིང་། གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀས་དགུ་གཉིས་ཀྱི་མཐུན་མོང་ངོས་འཛིན་ཞེས་པ་དེ་མུ་མཐུད་རྒྱུན་བསྐྱོངས་བྱེད་དགོས་པ་དང་། ཐེ་དབན་གྱི་རང་བཙན་ལ་ངོ་རྒོལ་བྱེད་དགོས་པའི་རེ་བ་བཏོན་འདུག།

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎