བོད་ནས་བལ་ཡུལ་བརྒྱུད་བོད་མི་བཙན་བྱོལ་བ་བརྒྱད་དྷ་སར་འབྱོར་འདུག

2018-08-17
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་བོད་ཀྱི་ཡན་ལག་སྣེ་ལེན་ཁང་།
བལ་ཡུལ་བོད་ཀྱི་ཡན་ལག་སྣེ་ལེན་ཁང་།
Lhuboom/RFA

བོད་ནས་བལ་ཡུལ་བརྒྱུད་བཙན་བྱོལ་བ་བོད་མི་བརྒྱད་ད་ཆ་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་རེད།
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་ཀྱི་དྷ་ས་ནས་བཏང་འབྱོར་གནས་ཚུལ་ལྟར་ན། ཉེ་ལམ་བལ་ཡུལ་གཞུང་གིས་རྒྱ་གར་ལ་མ་བཏང་བར་བལ་ཡུལ་ནས་ཅུང་ལྷག་པའི་བོད་ནས་ཡོང་བའི་བོད་མི་བཙན་བྱོལ་བ་བརྒྱད་འདི་ཚེས་༡༣ ཉིན་དྷ་སའི་དབུ་སྣེ་ལེན་ཁང་དུ་བདེ་བླག་ངང་འབྱོར་ཡོད་པ་དང་། བོད་མི་སྐྱབས་བཅོལ་བ་དེ་དག་ལ་ཕྱི་སྐྱོད་ལམ་ཡིག་གང་ཡང་མེད་པར་ལམ་ཁྲིད་ལ་མི་རེ་ནས་རྒྱ་སྒོར་ཆིག་ཁྲི་ལྔ་སྟོང་ཙམ་རེ་སྤྲད་ནས་བོད་དང་བལ་བོའི་ས་མཚམས་བརྒལ་ནས་སྐྱབས་བཅོལ་དུ་ཡོང་བ་ཡིན་འདུག
བོད་མི་སྐྱབས་བཅོལ་བ་དེ་ཚོའི་ཁྲོད་ཀྱི་དགེ་འདུན་པ་དང་བཙུན་པ་ཚོས་བོད་ནང་གི་དགོན་པར་སློབ་སྦྱོང་བྱེད་སའི་ཆ་རྐྱེན་ཡག་པོ་མེད་པས་རྒྱ་གར་དུ་ཡོང་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་འཆར་ཡོད་པ་དང་། དེ་བཞིན་སྐྱབས་བཅོལ་བ་བོད་མི་བརྒྱད་པོའི་ཁྲོད་ལོ ༡༣ ཅན་གྱི་བུ་མོ་ཞིག་ཡོད་པ་དེས་ཁོང་མོ་སྐྱབས་བཅོལ་ལ་ཡོང་དོན་ནི་རང་དབང་ཐོག་སློབ་སྦྱོང་གི་གོ་སྐབས་འཚོལ་ཆེད་ཡིན་པ་བརྗོད་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་གསར་དུ་འབྱོར་བའི་བོད་མི་སྐྱབས་བ་དེ་ཚོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཇལ་ཁ་དང་། རྒྱ་གར་དུ་འཚོ་སྡོད་ཆོག་གི་ལག་འཁྱེར་གསར་བཟོ། འཕྲོད་བསྟེན་བརྟག་དཔྱད་བཅས་ལེགས་པར་འགྲུབ་རྗེས་སོ་སོའི་འདོད་མོས་བཞིན་གོ་སྒྲིག་བྱེད་རྒྱུ་ཡིན་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།