ནིའུ་ཛི་ལེན་ནང་རྒྱ་ནག་གི་འོ་ཙམ་ཚོང་འགྲེམས་བྱེད་མི་ཆོག།

ནིའུ་ཛི་ལེན་སོ་ནམ་ཚོགས་པས་ཡུལ་ནང་རྒྱ་ནག་ནས་ནང་འདྲེན་བྱས་པའི་འོ་ཙམ་ཁྲོམ་རའི་ཐོག་ཚོང་འགྲེམས་མི་ཆོག་པའི་གསལ་བསྒྲགས་གནང་བ།

2008.09.14

༄༅༎རྒྱ་ནག་ནང་བཟོ་སྐྲུན་བྱས་པའི་དུག་རྫས་ཡོད་པའི་ཕྲུ་གུའི་འོ་ཙམ་གྱིས་རྒྱ་ནག་ནང་ཕྲུ་གུ་༤༣༢ ལ་མཁལ་མའི་ནང་རྡོ་ཡོད་པའི་གནས་ཚུལ་ཐོན་པ་དང༌། ནིའུ་ཛི་ལེན་སོ་ནམ་པའི་ཚོགས་པས་རྒྱ་ནག་ནས་ཕྲུ་གུའི་འོ་ཙམ་བརྒྱ་ཆ་༤༣ ནང་འདྲེན་བྱེད་ཀྱི་ཡོད་པར་བརྟེན་དེ་རིང་ནིའུ་ཛི་ལེན་སོ་ནམ་ཚོགས་པས། ནིའུ་ཛི་ལེན་ནང་གི་ཚོང་ཁང་ཁག་སོ་སོར་རྒྱ་ནག་ནས་ནང་འདྲེན་བྱས་པའི་འོ་ཙམ་ཁྲོམ་རའི་ཐོག་ཚོང་འགྲེམས་མི་ཆོག་པ་དང་ཚོང་འགྲེམས་བྱས་ཟིན་པ་རྣམས་ཚོང་ཁང་དུ་ཕྱིར་ལོག་ཏུ་ཡོང་དགོས་པའི་གསལ་བསྒྲགས་བཏང་ཟིན་པའི་སྐོར་གསུངས་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་ནས་རྒྱ་ནག་གི་ཕྲུ་གུའི་འོ་ཙམ་བཟོ་ཚོང་ཁང་སན་རླུའུ་མཉམ་འབྲེལ་བཟོ་ཚོང་ཁང་གིས་དུག་རྫས་ལྡན་པའི་ཕྲུ་གུའི་འོ་ཙམ་གྱི་དོན་རྐྱེན་སྐོར་དུས་ཐོག་ལ་དམངས་ཁྲོད་དུ་གསལ་བརྡ་མ་བྱས་པའི་སྐྱོན་བརྗོད་ཀྱི་གནས་ཚུལ་ཐོན་པའི་ཉིན་གཅིག་གི་རྗེས་སུ་ ནིའུ་ཛི་ལེན་སོ་ནམ་ཚོགས་པས་རྒྱ་ནག་ནས་ནང་འདྲེན་བྱས་པའི་འོ་ཙམ་གྱི་ཐོན་སྐྱེས་ཁྲོམ་རའི་ཐོག་ཚོང་འགྲེམས་མཚམས་འཇོག་བྱ་དགོས་པའི་གསལ་བསྒྲགས་གནང་ཡོད་པ་རེད། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཀྱིས་སན་རླུའུ་མཉམ་འབྲེལ་བཟོ་ཚོང་ཁང་དེར་ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་ཕྲུ་གུའི་འོ་ཙམ་གྱི་ཐོན་སྐྱེས་སྤུས་དག་མེད་པའི་སྐྱོན་བརྗོད་བྱུང་སྟེ་ཕྱི་ཟླ་བརྒྱད་པའི་ནང་འོ་ཙམ་ལ་བརྟག་དཔྱད་བྱས་པའི་རྗེས་འོ་ཙམ་ནང་ལ་ཕྲུ་གུའི་བདེ་ཐང་ལ་གནོད་གཞི་རྫས་འགྱུར་རིགས་ཡོད་པའི་གནས་ཚུལ་ཐོན་ཀྱང་ད་རེས་སླར་ཡང་གནས་ཚུལ་ཐོན་པའི་རྗེས་རེས་གཟའ་ཟླ་བ་བར་ཏུ་འོ་ཙམ་གྱི་སྐོར་མི་དམངས་ཁྲོད་ཉེན་བརྡའི་གསལ་བརྡ་གང་ཡང་མ་བྱས་པའི་ཁ་ཡོག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་སན་རླུའུ་མཉམ་འབྲེལ་བཟོ་ཚོང་ཁང་ཞེས་པ་དེ་ནི་འོ་ཙམ་བཟོ་སྐྲུན་དང་ཐོན་སྐྱེས་བྱེད་མཁན་གྱི་བཟོ་གྲྭ་ཆེ་ཤོས་ཡིན་པ་དང་རེས་གཟའ་ཕུར་བུའི་ཉིན་བཟོ་གྲྭ་དེ་ནས་བཟོ་སྐྲུན་བྱས་པའི་འོ་ཙམ་ཁྲོམ་རའི་ཐོག་ཚོང་འགྲེམས་བྱེད་བཞིན་པ་རྣམས་མཚམས་འཇོག་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་དེ་རིང་ཨེ་པི་གསར་འགོད་པས་རྒྱ་ནག་གི་ཧྲེ་ཅ་ཀྲོང་ནང་ཡོད་པའི་སན་རླུའུ་མཉམ་འབྲེལ་བཟོ་ཚོང་ཁང་གི་ལས་ཁུངས་ཨ་མར་ཁ་པར་བརྒྱུད་དོན་རྐྱེན་དེའི་སྐོར་འདྲི་རྩད་བྱེད་ཐབས་བྱས་ཀྱང་ལན་འདེབས་བྱེད་མཁན་བྱུང་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎