གདན་སའི་དགེ་བཤེས་ཁག་གཅིག་གར་སོང་ཆ་མེད།

བོད་ཀྱི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་དང་། མཁན་པོ་དབུ་མཛད་ཁག་གཅིག་རྒྱ་ནག་འབྲེལ་ཡོད་ཚན་པས་སྐོང་འགུག་བྱས་རྗེས་ཕྱིར་ཡོང་མེད་པར་གར་སོང་ཆ་མེད་གྱུར་འདུག

2013.01.29

བོད་ཀྱི་གདན་ས་ཆེན་པོ་

དེ་ཡང་བསོད་ནམས་ལགས་ནས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ཉིན་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་བོད་ཀྱི་གདན་ས་འབྲས་སྤུངས་དགོན་པའི་མཁན་པོ་འཇམ་དཔལ་ལྷག་བསམ་མཆོག་དང་། དབུ་མཛད་ངག་དབང་ལགས། རྒན་ངག་དབང་དོན་ལྡན་ལགས། རྒན་ངག་དབང་དཔལ་བཟང་ལགས། རྒན་ངག་དབང་བསམ་གཏན་ལགས།

གདནས་སེ་རའི་དགེ་བསྐོས་མིག་དམར་ལགས་དང་། དབུ་མཛད་ལགས། རྒན་བསམ་གཏན།

རྒན་ངག་དབང་བློ་གྲོས། རྒན་བཀྲ་ཤིས་རྒྱ་མཚན་ལགས་བཅས་དང་། ད་དུང་དགའ་ལྡན་དགོན་པའི་རྒན་སྐལ་ལྡན་ལགས་དང་། རྒན་བློ་བཟང་དངོས་གྲུབ་ལགས། དེ་བཞིན། ལྷ་སའི་གཙུག་ལག་ཁང་གི་རྒན་ལྷུན་འགྲུབ་ཡར་འཕེལ་ལགས་དང་། རྒན་ཚེ་བརྟན་རྡོ་རྗེ་ལགས།རྒན་ངག་དབང་བློ་འཕེལ་ལགས་བཅས་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་གསལ་བཤད་གང་ཡང་མ་བྱས་པར་གློ་བུར་དུ་ཚོགས་འདུ་ཞིག་ཡོད་ཚུལ་བཤད་ནས་སྐོང་འགུག་བྱས་ཡོད་པ་དང་། དེ་ནས་ད་བར་དུས་ཡུན་གང་མཚམས་འགོར་ཀྱང་། ཕྱིས་སུ་ཁོང་རྣམ་པ་ནག་ཆུ་ས་ཁུལ་གྱི་དགོན་སྡེ་དང་། གྲོང་སྡེ་སོགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་

བར་ཁྲིད་ཡོད་པ་གོ་ཐོས་ཀྱི་བཤད་ཚུལ་ཙམ་ལས་གནས་ཚུལ་དོན་དངོས་ཤེས་རྟོགས་མེད་པ་ཆགས་པ་སོགས་གར་སོང་ཆ་མེད་གྱུར་ཡོད་འདུག

དེ་ལྟར་གནས་ཚུལ་དེར་གདན་ས་སེ་འབྲས་དགེ་གསུམ་གྱི་གྲྭ་མང་ཚོས་སེམས་འཚབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ད་ཆ་ཚོགས་ཆོས་ར་སོགས་སྔར་རྒྱུན་བཞིན་འཚོགས་མ་ཐུབ་པ་དང་། སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དགེ་རྒན་མེད་པའི་རྐྱེན་གྱིས་ཉིན་རེར་སློབ་གཉེར་ཡང་འཐུས་ཤོར་དུ་འགྲོ་བཞིན་ཡོད་འདུག

བོད་ནས་གདན་སའི་དགེ་འདུན་པ་ཞིག་གིས་བརྗོད་དོན། ༢༠༠༨ལོར་གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་དང་། གྲྭ་བ་རྣམས་འཛིན་བཟུང་བཙོན་འཇུག་བྱས་པ་དང་། ད་ཐེངས་སླར་ཡང་མཁན་པོ་གཙོས་དགེ་རྒན་རྣམ་པ་བཙན་ཁྲིད་བྱས་དོན་ནི་རྒྱ་གཞུང་གིས་ཆེད་དུ་བོད་ཀྱི་ནང་ཆོས་རྩ་མེད་བཟོ་བ་དང་། དགོན་སྡེ་དགེ་འདུན་པར་བསུན་བཙུར་བཟོས་བའི་ངན་ཇུས་ཞིག་ཡིན་སྐོར་གླེང་གི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎