ཁ་རླུང་སྦག་བཙོག་མེད་པ་བཟོ་རྒྱུའི་གྲོས་མཐུན་འཇོག་རེ།
2008.09.01
༄༅༎ཨོ་སི་ཀྲོ་ལི་ཡའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལས་དོན་བློན་ཆེན་ལྕམ་ པེ་ནི་ལྦོང་ ཡིས་རིང་མིན་ཨ་མི་རི་ཀའི་འོས་ཐོབ་སྲིད་འཛིན་གསར་པ་སུ་རུང་གིས་འཛམ་གླིང་གི་སྦག་བཙོག་མེད་པ་བཟོ་རྒྱུའི་གྲོས་མཐུན་གསར་པ་ཞིག་འཇོག་གནང་རྒྱུའི་དབུ་འཁྲིད་ཀྱི་འགན་འཁུར་གནང་གི་རེད་ཅེས་གསུང་ཡོད་པ་རེད་
ཨོ་སི་ཀྲོ་ལི་ཡའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལས་དོན་བློན་ཆེན་གྱིས་ཨོ་སི་ཀྲོ་ལི་ཡའི་ཚོང་པའི་འགོ་འཁྲིད་རྣམས་ལ་ཨ་མི་རི་ཀའི་སྲིད་འཛིན་འོས་དམིགས་ ཇོན་མེ་ཀེན་ དང་ སྦ་རག་ཨོ་སྦ་མ་ རྣམ་གཉིས་ཀྱིས་ཨ་རིའི་ནང་སྦག་བཙོག་མེད་པ་བཟོ་རྒྱུའི་ཐོག་ཆེད་སེམས་ཡོད་པི་རྣམ་འགྱུར་སྟོན་གནང་བ་དེར་དགའ་བསུ་ཡོད་སྐོར་གསུང་འདུག ཁོང་གིས་དེ་ནི་སྲིད་འཛིན་སྦུའུ་ཤེ་ཡིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉི་ཧོང་གི་ཀྱིཡོ་ཊོ་གྲོང་ཁྱེར་ནང་བཞག་པའི་གྲོས་མཐུན་དེར་ཁས་ལེན་མ་གནང་བ་དེ་ནས་འགྱུར་བ་ཆེན་པོ་ཞིག་ཡིན་སྐོར་གསུང་འདུག ཡང་ཁོང་གིས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ངོས་ནས་སྲིད་བྱུས་ཐོག་འགྱུར་བ་བཏང་གནང་ན་འཆར་ལོ་ཕྱི་ཟླ་ ༡༢པའི་ནང་ ཌེན་མཀེའི་རྒྱལ་ས་ ཁོ་པེན་ཧ་གེན་ ནང་འཇོག་གནང་རྒྱུའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་དེ་འཇོག་ཐུབ་རྒྱུར་རེ་བ་ཆེན་པོ་ཡོད་སྐོར་གསུང་འདུག
ཨོ་སི་ཀྲོ་ལི་ཡའི་གཞུང་གི་ངོས་ནས་ཕྱི་ལོ་༢༠༥༠ ནང་ཚུན་ཡུལ་གྱི་བ་རླུང་དུག་རླང་བརྒྱ་ཆ་༦༠ ཐམ་པ་མེད་པ་བཟོ་རྒྱུའི་ཁས་ལེན་གནང་ཡོད་པའི་གནས་ཚུལ་ཐོན་བཞག།