བོད་ནང་བོད་མི་ཚོར་ཕྱི་བསྐྱོད་ལག་འཁྱེར་རག་ཁག་པོ་ཡོད་འདུག


2016.10.21
རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར། རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར།
དྲ་བཤུས།

རྒྱ་ནག་གཞུང་གིས་བོད་ནང་དང་ལྷག་དོན་མདོ་སྨད་རྔ་བ་ཕྱོགས་སུ་བོད་མི་ཚོས་ཕྱི་བསྐྱོད་ལག་འཁྱེར་ལེན་རྒྱུར་དམ་དྲག་བྱེད་བཞིན་པ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་བར་གཞིགས་ན། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་ལམ་ལུགས་བསྒྱུར་བ་དང་སྦྲགས་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་བོད་ནང་གི་བོད་མི་ཚོས་ཕྱིར་བསྐྱོད་ལག་འཁྱེར་གསར་དུ་བཟོས་ནས་ཐེ་ལན་ཊི་སོགས་སུ་སྤྲོ་འཆམ་དུ་བསྐྱོད་ཆོག་གི་ཡོད་པ་དང་། དེའི་རྗེས་སུ་རྒྱལ་ཁབ་གཞན་ཁག་ཅིག་གི་ནང་དུའང་འགྲོ་ཆོག་གི་ཡོད་པ་རེད། ཡིན་ནའང་རྔ་བ་ཕྱོགས་སུ་སེར་སྐྱ་བོད་མི་མང་པོ་ཞིག་གིས་དེ་སྔ་ནས་ཕྱི་བསྐྱོད་ལག་ཁྱེར་གསར་བཟོའི་ཆེད་དུ་ཐོ་འགོད་དང་། ལག་འཁྱེར་བཟོ་རིན་ལ་སོགས་པའི་འགྲོ་ལུགས་བསྒྲུབ་ནས་སྒུག་བསྡད་ཡོད་ཀྱང་ལག་འཁྱེར་མ་སྤྲད་པར་ཡུན་རིང་འགོར་གྱི་ཡོད་པ་དང་། ཁོང་ཚོས་འབྲེལ་ཡོད་ལ་སྐད་ཆ་དྲིས་དུས། གནས་སྐབས་རིང་མི་མང་ལ་ལག་འཁྱེར་སྤྲོད་རྒྱུ་མིན་ལུགས་བརྗོད་པར་བརྟེན་མི་མང་རྣམས་ཐུགས་ཕམ་ཡོང་བཞིན་ཡོད་འདུག
ཡང་མགོ་ལོག་ས་ཁུལ་དང་། མཚོ་ལྷོ། དཀར་མཛེས། ཉག་རོང་སོགས་ས་གནས་ཁག་ཅིག་ནང་ཡོད་པའི་བོད་མི་ཁག་ཅིག་ལ་ཕྱི་བསྐྱོད་ལག་ཁྱེར་རག་ནས་བལ་ཡུལ་ནང་ཆོས་མཇལ་དུ་ཕེབས་ཡོད་འདུག
བོད་མི་གཞན་ཞིག་གིས་བརྗོད་དོན། ང་ཚོས་ཕྱིར་བསྐྱོར་ལག་འཁྱེར་བཟོ་རྒྱུའི་ཆེད་དུ་འགྲོ་སོང་མང་པོ་བཏང་བ་དང་། ལས་ཁུངས་རིམ་པ་མང་པོ་ཞིག་བརྒྱུད་རྗེས་གཞི་ནས་ཕྱིར་བསྐྱོད་ལག་འཁྱེར་རག་བྱུང་། ཡིན་ཡང་རྒྱ་མི་རིགས་དང་བོད་རིགས་བར་ལག་འཁྱེར་ཞུ་སྟངས་དང་རག་སྟངས་ལ་གཞུང་ཕྱོགས་ནས་སྟངས་འཛིན་སོགས་ཁྱད་པར་ཆེན་པོ་ཡོད་ཚུལ་བརྗོད་འདུག

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎