ངག་དབང་རྒྱལ་མཚན་ནག་ཆུའི་ཉེན་རྟོག་ཁང་ན་བཀག་འདུག


2015.03.23
གྲྭ་ངག་དབང་རྒྱལ་མཚན་ལགས། གྲྭ་ངག་དབང་རྒྱལ་མཚན་ལགས།
ངག་དབང་ཐར་པ།

རྒྱ་ནག་གི་ཉེན་རྟོག་པས་བཙན་ཁྲིད་བྱས་བའི་ངག་དབང་རྒྱལ་མཚན་རྒྱ་ནག་གིས་ནག་ཆུའི་ཉེན་རྟོག་ཁང་ན་བཀག་འདུག
དེ་ཡང་ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། འདི་ལོའི་ཕྱི་ཟླ་༢ ཚེས་༢༤ཉིན་གྱི་མཚན་མོར་གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གི་ཉེན་རྟོག་པའི་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གློ་བུར་དུ་བརླག་རྐྱེན་ས་གནས་ཡུལ་མི་དག་གིས་རྩད་གཅོད་སྐབས་ནག་ཆུ་ཁུལ་གྱི་ཉེན་རྟོག་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག  ཞིབ་ཕྲའི་གནས་ཚུལ་མ་ཤེས་ཀྱང་། གསང་བའི་ངང་ནས་བཙན་ཁྲིད་བྱེད་སྟངས་ལ་བལྟས་ན་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་དོགས་གཞི་ཡོད་འདུག
གྲྭ་ངག་དབང་རྒྱལ་མཚན་ནི་ནག་ཆུ་རྫོང་རྟར་ཆེན་ཡུལ་ཚོའི་གོང་སུམ་གྲོང་སྡེ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཚེ་རིང་མི་འགྱུར་དང་མ་མིང་ལ་མར་འཛིན་ཟེར་ཞིང་རང་ལོ་༤༡ཙམ་ཡིན་འདུག དེ་སྔོན་ཤག་རོང་པོ་དགོན་གྱི་གྲྭ་བ་ཡིན་འདུག དགོན་པའི་སྒྲིག་ཁོངས་སུ་ཡོད་དུས་སྲིད་གཞུང་གི་མི་སྣས་དགོན་པར་ཆབ་སྲིད་སློབ་གསོ་སྤྲོད་སྐབས་སུ་སྲིད་གཞུང་གི་མི་སྣ་དང་ཁ་རྩོད་མང་པོ་ཤོར་མྱོང་བ་དང་། རྒྱུ་རྐྱེན་དེ་ལ་བརྟེན་ནས་དེ་སྔོན་ཤག་རོང་པོ་དགོན་ལ་ལྔ་ཉི་ཤུ་དོན་རྐྱེན་སྙད་པའི་ཛ་དྲག་གི་གནས་སྟངས་འོག་དགོན་པའི་སྒྲིག་ཁོངས་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཡོད་འདུག དེ་ནས་ད་ལྟའི་བར་སྤྱི་ཚོགས་ནང་གི་གྲྭ་རྐྱང་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་བཞིན་ཡོད་འདུག རྒྱ་གཞུང་གི་མི་སྣས་བཙན་བཀའ་བཏང་ནས་ཁོང་སྤྱི་ཚོགས་ཁྲོད་གང་བྱུང་འགྲོ་མི་ཆོག་པ་དང་།  མི་སྣ་འདྲ་མིན་དང་ཐུག་འཕྲད་བྱས་ཚེ་ཉེས་པ་ཕོག་རྒྱུ་ཡིན་པ་དང་། ཡར་མར་འགྲོ་འདུག་སྐབས་སྲིད་གཞུང་ལ་དགོངས་ཞུ་ཡང་བྱེད་དགོས་པའི་གཏན་འབེབས་བཟོས་ཡོད་འདུག ག་དུས་ཡིན་ཡང་རྒྱ་གཞུང་གི་ཉེན་རྟོག་པས་རྗེས་འདེད་བྱེད་པ་མ་ཟད། ཁ་པར་ནང་དུ་སྡིག་ར་ཡང་ཡང་བཏང་མྱོང་བ་བཅས་ངོ་སྤྲོད་བྱས་ཡོད།

གསར་འགོད་པ་དབྱངས་སྒྲོལ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟནའཛིན་དབང་རྒྱལ་ལག་ས་ཀྱིས་བཏང་བར་གསན་རོགས་ཞུ།

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎