རེབ་གོང་ཁུལ་གྱི་བོད་མི་དགུ་ལ་བཙོན་ཁྲིམས་བཅད་ཡོད་པ།


2019.04.20
རེབ་གོང་ཁུལ་གྱི་བོད་མི་དགུ་ལ་བཙོན་ཁྲིམས་བཅད་ཡོད་པ། བོད་མདོ་སྨད་རེབ་གོང་ཁུལ་ནས་བོད་མི་དགུ་ལ་བཙོན་བཅུག་ཁྲིམས་ཆད་འགེལ་ཡོད་པའི་གནས་ཚུལ་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང༌།

རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། བདུན་ཕྲག་འདིའི་ནང་། རེབ་གོང་ང་ཧོར་རྒྱལ་གྲོང་ཚོ་ནས་ཡིན་པའི་བོད་མི་དགུ་ལ་ཨ་མདོ་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་རྫོང་གི་རེབ་གོང་བཙོན་ཁང་ནང་བཙོན་བཅུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་གོང་ཞུས་མི་སྣ་དགུ་ནི། དགེ་འདུན་བཟོད་པ་དང་། འབྲུག་འབུམ་ཚེ་རིང་། བན་དེ་རྡོ་རྗེ་། བཀྲིས་ཚེ་རིང་། བསོད་རྒྱལ། དར་རྒྱས་། ཤ་བོ་ཚེ་རིང་། མཁར་བྱམས་རྒྱལ་། ཆོས་བཟང་བཅས་དགུ་ཡིན་པ་དང་ཁོང་ཚོར་ནག་ཉེས་གཞིར་བཟུང་ལོ་གསུམ་ནས་བདུན་བར་གྱི་ཁྲིམས་ཆད་འགེལ་དགོས་དོན་ནི། ཁོང་ཚོས་མི་འོས་པའི་ཚོགས་པ་ཁག་ལ་ཞལ་འདེབས་སྤྲད་ཡོད་པ་དང་། བཙན་བཤེད་ཀྱི་ཐོག་ནས་དངུལ་བརྗེས་སམ་ཡང་ན་དངུལ་གཏོང་ལེན་བྱས་པ། སྤྱི་ཚོགས་བདེ་འཇགས་ལ་གནོད་གཞིའི་ལས་དོན་སྤེལ་ཏེ་མང་ཚོགས་ལ་མགོ་སྐོར་བཏང་བ་སོགས་བྱས་ཡོད་པའི་ཉེས་མིང་འོག་ཁྲིམས་ཆད་འགེལ་བ་ཞིག་ཡིན་འདུག

ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་ཤེས་རྟོག་བྱུང་བར་ལྟར་ན། གོང་ཞུས་མི་སྣའི་ཁོངས་ནས་ཁག་ཅིག་མང་མོས་ཀྱི་ཐོག་ནས་འགོ་འཁྲིད་ལ་བདམས་པའི་གྲས་ཡིན་པ་དང་། དེ་དག་འཛིན་བཟུང་དོ་དམ་བྱེད་དགོས་དོན་ནི། ས་གནས་གྲོང་གསེབ་མི་སྣ་ཚོས་དུས་ཡུན་རིང་པོ་ནས་ས་ཆའི་བདག་དབང་རང་འཇགས་རྩིས་སྤྲོད་དགོས་པ་དང་། ས་གནས་གཞུང་གི་གཉེར་བའི་ཚོང་དོན་ཚན་པ་ཁག་ལམ་ལྷོང་མེད་པ་དེ་དག་ཡུལ་ཐང་ལ་གཞིགས་པས་ཆ་སྙོམས་བྱེད་དགོས་པ་སོགས་ཀྱི་ཞུ་གཏུགས་རིམ་པ་བྱེད་པའི་ལས་འགུལ་ལ་འགོག་རྐྱེན་བཟོ་ཐབས་དང་སྡིག་ར་སྐུལ་བའི་རྣམ་པ་ཞིག་ཡིན་ལུགས་གསུངས་ཡོད་པ་རེད།།མི་སྣ་ཚོས་དུས་ཡུན་རིང་པོ་ནས་ས་ཆའི་བདག་དབང་རང་འཇགས་རྩིས་སྤྲོད་དགོས་པ་དང་། ས་གནས་གཞུང་གི་གཉེར་བའི་ཚོང་དོན་ཚན་པ་ཁག་ལམ་ལྷོང་མེད་པ་དེ་དག་ཡུལ་ཐང་ལ་གཞིགས་པས་ཆ་སྙོམས་བྱེད་དགོས་པ་སོགས་ཀྱི་ཞུ་གཏུགས་རིམ་པ་བྱེད་པའི་ལས་འགུལ་ལ་འགོག་རྐྱེན་བཟོ་ཐབས་དང་སྡིག་ར་སྐུལ་བའི་རྣམ་པ་ཞིག་ཡིན་ལུགས་གསུངས་ཡོད་པ་རེད།།

གསར་འགོད་པ་རིག་འཛི་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎