བོད་ནག་ཆུ་ཁུལ་དུ་ས་ཡོམ།

བོད་ཀྱི་ནག་ཆུ་ཁུལ་ལ་རིཀ་ཀྲར་ཞེས་པའི་འགུལ་ཚད་འཇལ་བྱེད་ཀྱི་འཕྲུལ་ཆའི་ཐོག་འགུལ་ཚད་༥བྱས་པའི་ས་ཡོམ་ཞིག་རྒྱབ་ཡོད་པ་རེད།

2010-12-30
Share

༄༅༎བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧུལྦ་གསར་སྤེལ་ལས་ཁང་གིས་དེ་རིང་སྤེལ་བའི་གནས་ཚུལ་ལྟར་ན་ བོད་ཀྱི་ནག་ཆུ་ཁུལ་ལ་སྔ་དྲོའི་ཆུ་ཚོད་༢དང་ཕྱེད་ཀའི་མཚམས་སུ་རིཀ་ཀྲར་Richterཞེས་པའི་འགུལ་ཚད་འཇལ་བྱེད་ཀྱི་འཕྲུལ་ཆའི་ཐོག་འགུལ་ཚད་༥བྱས་པའི་ས་ཡོམ་ཞིག་རྒྱབ་ཡོད་པ་རེད།

འོན་ཀྱང་མི་དང་རྒྱུ་དངོས་སོགས་ལ་གནོད་སྐྱོན་ཆེན་པོ་གང་ཡང་ཕོག་ཡོད་པ་མ་རེད་ འགུལ་ཚད་༥བྱས་པའི་ས་ཡོམ་དེ་རྒྱབ་སའི་དབུས་དེ་ནི་ནག་ཆུ་རྫོང་གི་ཏང་ར་གཡུ་མཚོ་ཞེས་པར་ཡིན་པ་རྒྱ་ནག་གི་ས་ཡོམ་བརྟག་ཞིབ་ལྟེ་གནས་ཁང་གིས་བཤད་ཡོད་པ་དང་ ནག་ཆུ་ས་ཁུལ་གྱི་ཉི་མ་རྫོང་གི་འགོ་འཛིན་ཀྲའོ་ཇུན་གྱིས་བརྗོད་དོན་ལྟར་ན་ ས་ཡོམ་དེའི་འགུལ་ཤུགས་ས་ཁུལ་གྱི་གྲོང་གསེབ་ཁག་བཞི་ཙམ་ནང་ཚོར་ཡོད་པ་དང་ གནས་ཚུལ་གོ་མ་ཐག་ངལ་སེལ་རོགས་སྐྱོབ་དང་འཕྲོད་བསྟེན་གྱི་ལས་བྱེད་པ་སོགས་མངགས་གཏོང་བྱས་ཡོད་པ་རེད། གཞི་རྩའི་ཐག་ནས་ས་ཡོམ་དེ་ཡིས་ཁང་པ་བཤིག་པ་དང་མི་སྲོག་ལ་ཉེན་ཁ་བཟོས་པ་སོགས་ས་ཁུལ་གྱི་གྲོང་གསེབ་པ་ཚོར་གོད་ཆགས་ཆེན་པོ་དེ་ཙམ་བཏང་མེད་ནའང་ས་གནས་ཀྱི་གནམ་གཤིས་ཤིན་ཏུ་གྲང་ངར་ཅན་ཞིག་ཡིན་པར་བརྟེན་ཆག་སྒོ་ཕྲན་བུ་ཕོག་མཁན་ཚོར་རྫོང་གི་ལས་ཁུངས་ཀྱིས་མངའ་ཁུལ་གྱི་གྲོང་གསེབ་ཚོར་གུར་དང་བཟའ་བཅའ་ ཕྲིན་བལ་གྱིས་རྒྱང་པའི་སྟོད་གོས་སོགས་བཏང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།