ས་ག་ཟླ་བའི་རིང་ཆོས་ལུགས་རྨོངས་དད་ཀྱི་བྱེད་སྒོར་ཞུཊ་མི་ཆོག


2017.05.30
རྗེ་འབུམ་ཁང་སློབ་ཆུང་གསལ་བསྒྲགས། རྗེ་འབུམ་ཁང་སློབ་ཆུང་གསལ་བསྒྲགས།
བོད་འབྱོར།

རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་བོད་ཀྱི་རྒྱལ་ས་ལྷ་སར་སློབ་མ་དང་ཁྱིམ་བདག་རྣམས་ཆོས་ལུགས་རྨོངས་དད་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། དེང་སྐབས་བོད་ཕྱི་ནག་གཉིས་སུ་ས་ག་ཟླ་བ་འཁེལ་བས་བོད་མི་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བཞིན་པའི་སྐབས། སྤྱི་ཟླ་ལྔ་བའི་ཚེས་༢༧་ཉིན། བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་རྗེ་འབུམ་ཁང་སློབ་ཆུང་ཟེར་བས། སློབ་མ་རྣམས་ཀྱི་ཁྱིམ་བདག་དག་ལ་གཞུང་འབྲེལ་གྱི་ཐམ་ག་དང་བཅས་བཙན་བཀའ་བཏང་དོན། གོང་རིམ་སློབ་གསོ་ཚན་པ་ཁག་གི་བརྡ་ཐོའི་ནང་དོན་གཞིར་བཟུང་། ངེད་སློབ་གྲྭའི་དགེ་སློབ་དང་རྒྱབ་ཕྱོགས་ལས་དོན་མི་སྣ་ཡོངས་ལ། ས་ག་ཟླ་བའི་ཆོས་ལུགས་དུས་ཆེན་དང་ཟླ་མཆོད་དུས་ཆེན་ངལ་གསོའི་རིང་རྣམ་པ་འདྲ་མིན་གྱི་ཆོས་ལུགས་བྱེད་སྒོ་ཡོད་ཚད་ལ་ཞུགས་མི་ཆོག་པའི་བཀའ་རྒྱ་ནན་པོ་བཏང་ཡོད་པས། ཁྱིམ་བདག་རྣམ་པས་སྔར་མུས་བཞིན་སློབ་གྲྭའི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་སྟེ། རེ་བ་ནན་པོས་བུ་ཕྲུག་ཚོར་རྨོངས་དད་དང་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་མི་རུང་ལ། རང་ཉིད་ཀྱི་མི་ཞུགས་པའི་འགན་ལེན་བྱ་དགོས་ཞེས་འཁོད་ནས། སློབ་གྲྭ་དེ་གཅིག་པུ་མ་ཡིན་པར་སློབ་གསོའི་ཚན་པ་ཡོངས་སུ་བཙན་བཀའ་བཏང་ཡོད་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཁྱིམ་བདག་རང་ཉིད་ཀྱང་ཆོས་ལུགས་ཀྱི་བྱེད་སྒོའི་ནང་ཞུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
དེ་བཞིན་ཉེ་ཆར་མདོ་སྨད་ཁུལ་གྱི་ས་གནས་ཁག་གཅིག་གི་ནང་ལ་ཡང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པ་གཞུང་ཕྱོགས་ནས་བཀའ་རྒྱ་བཏང་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་སོ་དྲུག་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། གང་ཟག་སུ་གང་གིས་སྤྱི་དམངས་ལ་བཙན་ཤེད་ཀྱིས་ཆོས་ལུགས་དད་མོས་བྱེད་དུ་འཇུག་པའམ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་བཙན་འགོག་བྱས་མི་ཆོག་ཅེས་གསལ་བོར་འཁོད་ཡོད་ནའང་། བོད་ཁུལ་དུ་རྒྱ་ནག་རང་གི་ཁྲིམས་དང་རྒྱབ་འགལ་གྱིས་བཙན་བཀའ་དེའི་སྐོར་ལག་ལེན་ཏུ་བསྟར་བཞིན་ཡོད་པ་རེད།

གསར་འགོད་པ་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་གདོད་མའི་མི་རིགས་ལ་དགོངས་སེལ་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ངོ་ཚ་དགོས་པ་ཞིག་ཡིན་ཞེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎