བོད་ནང་ད་ཐེངས་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་བ་ངོས་ལེན་བྱས་མི་འདུག


2018.03.08
ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་དང་དེའི་སྔོན། ༢༠༡༨།༣ ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་དང་དེའི་སྔོན། ༢༠༡༨།༣
བོད་འབྱོར།

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ་(Wu Yingjie)་ཡིས་བོད་མདོ་སྨད་རྔ་བ་ནས་ཡིན་པ་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པ་ངོས་ལེན་བྱས་མི་འདུག
དེ་ཡང་ཕྱི་ཟླ་༣པའི་ཚེས་༧ཉིན། དགུང་གྲངས་༤༤ཡིན་པའི་ཚེ་ཁོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་ནས་སྐུ་ལུས་མེར་བསྲེགས་གནང་རྗེས་འདས་གྲོངས་སུ་ཕྱིན་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་དེ་མིན་
གསར་ལམ་གཞན་ཁག།  དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་རང་དབང་ལས་འགུལ་ཚོགས་པ་བཅས་ཀྱིས་གནས་ཚུལ་བཏོན་ཡོད་པར་བོད་རང་སྐྱོང་ལྗོངས་དམར་
ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིང་ཅེ་(Wu Yingjie)་ཡིས་ངོས་ལེན་བྱས་མེད་པ་རེད།
པེ་ཅིང་དུ་ཚོགས་བཞིན་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཟུར་འཕྲོས་ཚོགས་འདུ་ཞིག་གི་སར་(Wu) ཡིས་གསར་འགོད་པ་ཚོར་བརྗོད་དོན། ངའི་བསམ་པར་ཁོང་ཚོས་དྲང་བདེན་གྱི་གནས་ཚུལ་བཤད་ཀྱི་མི་འདུག་བསམ་གྱི་འདུག གལ་ཏེ་ཨ་མི་རི་ཀའི་ནང་རང་ལུས་མེར་བསྲེགས་འདི་འདྲ་བྱུང་བ་ཡིན་ན། དེར་ཡ་མཚན་སྐྱེས་དགོས་པ་ཞིག་ཆགས་མདོག་ཁ་པོ་མིན་ཡང་། བོད་ནང་རང་ལུས་མེར་བསྲེགས་འདིའི་རིགས་བྱུང་ཡོད་པ་མ་རེད་ཅེས་ངས་བརྗོད་ཐུབ་ཞེས་བཤད་འདུག
ད་ཕན་བོད་ནང་ནས་བོད་མི་མི་གྲངས་༡༥༣་གྱིས་རྒྱ་གཞུང་གིས་བོད་ཐོག་དྲག་གནོན་ཆེ་བའི་སྲིད་ཇུས་ལ་ཞི་རྒོལ་གྱིས་སྐུ་ལུས་མེར་བསྲེགས་བཏང་གནང་ཡོད་པ་རེད། འོན་ཀྱང་བོད་ཁུལ་ཕྱི་རྒྱལ་གྱི་གསར་འགོད་པ་རྒྱ་ནག་གཞུང་གིས་བཏང་གི་མེད་པར་བརྟེན་བོད་ནང་གི་གནས་ཚུལ་ཁ་གསལ་ཞིབ་ཕྲ་ཕྱི་ཕྱོགས་སུ་ཐོན་མ་ཐུབ་པའི་དཀའ་ངལ་ཡོད་བཞིན་པ་རེད།
ཨེ་པི་གསར་ལས་ཁང་གིས་ད་ཐེངས་སྐུ་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་སའི་རྔ་བ་ཁུལ་ཉེན་རྟོག་ལས་ཁང་དང་། ས་གནས་གཞུང་གི་ལས་ཁུངས་སོགས་སུ་ཁ་པར་བཏང་ནས་གནས་ཚུལ་རྩད་གཅོད་གནང་སྐབས་འབྲེལ་ཡོད་ལས་བྱེད་ཚོས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བའི་གནས་ཚུལ་སྐོར་ཤེས་རྟོགས་གང་ཡང་མེད་པ་བརྗོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎