མི་ནི་སོ་ཊའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོ་རྒོལ།

མི་ནི་སོ་ཊ་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཉེ་དུས་ཨ་རིའི་སྲིད་འཛིན་ཨོ་སྦ་མའི་གསུང་བཤད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2009.11.29

༄༅༎ཨ་མེ་རི་ཀའི་གྲོང་ཁྱེར་མཱི་ནི་ཡེ་པོ་ལི་སི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཉེ་དུས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་གཟིགས་སྐོར་གནང་སྐབས་བོད་རྒྱ་ནག་གི་ཆ་ཤས་ཡིན་ལུགས་གསུངས་པ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག          འདི་ཟླའི་ཚེས་༢༦ཉིན་སྟེ་ཨ་རིའི་ནང་ཐུགས་རྗེ་ཆེ་ཞུའི་དུས་ཆེན་སྲུང་བརྩི་དང་བསྟུན་ནས་གོང་ཞུས་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཡག་མེད་ཅེས་དང་སྲིད་འཛིན་ཨོ་སྦ་མ་བོད་རྒྱ་ནག་གི་ཆ་ཤས་མ་རེད་ བོད་ནི་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་གཅིག་རྒྱ་ནག་དམར་པོའི་བཙན་འཛུལ་འོག་ཚུད་པ་ཞིག་ཡིན་སྐོར་འཁོད་པ་སོགས་ཀྱི་འཕྲེད་དར་འཆར་བ་མ་ཟད་བོད་ཀྱི་རྒྱལ་དར་དང་ཨ་རིའི་རྒྱལ་དར་སོགས་ཁྱེར་ནས་མཱི་ནི་ཡེ་པོ་ལི་སི་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་ཁྲིམས་ཁང་མདུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཚང་འཛོམས་སྒོ་ནས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་འདུག སྐབས་དེར་གནམ་གཤིམ་ཧ་ཅང་དྲང་མོ་བཏོན་ན་ཡང་མི་གྲངས་༢༠༠་ལས་འགུལ་དེའི་ནང་མཉམ་ཞུགས་གནང་འདུག དེར་ཚང་འཛོམས་བྱུང་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་བ་དང་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་ཞུ་ཕྱིར་དང་དུས་ད་ལྟའི་འཆར་ཡང་རྒྱ་ནག་གཞུང་གིས་བཙན་གནོན་འོག་གདུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་ངག་བཅད་མྱ་ངན་ཞུས་འདུག ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཨུ་རྒྱན་ལགས་ཀྱིས་བོད་མིའི་འཐབ་རྩོད་ཀྱི་དམིགས་ཡུལ་སྐོར་མང་ཚོགས་ལ་དྲན་སྐུལ་གནང་བ་མ་ཟད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མི་རིགས་དང་བོད་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་བ་ཁག་ཆུ་བཟོས་སུ་མི་འགྲོ་བ་གནང་གལ་ཆེ་བ་དང་བོད་ནང་གི་བོད་མི་རྣམས་ཀྱིས་བོད་རང་བཙན་སླར་གསོའི་མངོན་འདོད་ལ་གུས་བརྩི་ཞུ་དགོས་པ་སོགས་སེམས་འགུལ་ཤུགས་ཆེ་ཐེབས་པའི་བཀའ་སློབ་ཀྱང་གནང་སྐོར་ཁ་ས་ཕ་ཡུལ་དྲ་རྒྱ་བརྒྱུད་ནས་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎