ཨ་རི་དང་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིཊ་བར་ཉེན་བརྡ་གཏོང་རེས་བྱས་འདུག


2017.09.22
བྱང་ཀོ་རི་ཡའི་འགོ་ཁྲིད་(Kim Jong-Un) བྱང་ཀོ་རི་ཡའི་འགོ་ཁྲིད་(Kim Jong-Un)
དྲ་བཤུས།

ཨ་རིའི་སྲིད་འཛིན་གྱིས་བྱང་ཀོ་རི་ཡར་སྡིག་ར་སྐུལ་བའི་མཇུག་འབྲས་ངན་པ་ཡོང་རྒྱུ་ཡིན་པ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་བརྗོད་འདུག
བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཞི་བདེ་རྒྱ་མཚོའི་ཐོག་ཡང་རླུང་རྫས་རླངས་ཀྱི་འབར་རྫས་ (Hydrogen Bomb)་གས་གཏོར་བྱེད་སྲིད་པའི་བརྡ་བཏང་བ་དང་ཆབས་ཅིག འདི་ཚེས་༢༢་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་(Kim Jong-Un)་གྱིས་ཨ་རིའི་སྲིད་འཛིན་(Trump)་ཡིས་བྱང་ཀོ་རི་ཡ་རྩ་མེད་གཏོང་རྒྱུའི་སྡིག་ར་སྐུལ་བ་དེའི་མཇུག་འབྲས་ངན་པ་ཡོང་རྒྱུ་བརྗོད་པར། སྲིད་འཛིན་(Trump)་སེམས་ཁམས་བདེ་པོ་མེད་མཁན་ཞིག་ཡིན་པའི་སྐྱོན་འཛུགས་བྱས འདུག
ཨ་མི་རི་ཀའི་སྲིད་འཛིན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གསུང་བཤད་གནང་སྐབས། ཀིམ་ཇུང་ཨུན་ལ་མེ་ཤུགས་འཕུར་མདེལ་གྱི་མི་ཞེས་འགྲེལ་བརྗོད་གནང་བ་དང་འབྲེལ་བྱང་ཀོ་རི་ཡ་རྩ་མེད་གཏོང་རྒྱུའི་བཀའ་མོལ་གནང་བ་དང་། ཨ་རིའི་གཞུང་ནས་བྱང་ཀོ་རི་ཡའི་དཔལ་འབྱོར་ཡོང་ཁུངས་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུའི་གསལ་བསྒྲགས་གནང་བའི་ཆུ་ཚོད་འགའ་ཤས་རྗེས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་གོང་ཞུས་སྲིད་འཛིན་(Trump) ་ལ་ཐད་ཀར་སྐྱོན་བརྗོད་ཀྱི་སྤྱི་བསྒྲགས་དེ་སྤེལ་ཡོད་པ་རེད།
ཀིམ་ཇུང་ཨུན་གྱིས་འཛམ་གླིང་ཡོངས་ཀྱི་མདུན་ལ་སྲིད་འཛིན་(Trump)་ཡིས་ང་དང་ངའི་རྒྱལ་ཁབ་ལ་མཐོང་ཆུང་དམའ་འབེབས་བྱས་པ་མ་ཟད། ད་ཕན་གྱི་ལོ་རྒྱུས་ནང་དམག་འཐབ་བྱ་རྒྱུའི་གཏུམ་དྲག་ཆེ་ཤོས་ཀྱི་ཁྱབ་བསྒྲགས་དེ་བྱས་སོང་ཞེས་བརྗོད་པ་གཞུང་འབྲེལ་བྱང་ཀོ་རི་ཡའི་ཀོ་རི་ཡའི་གསར་ལམ་(Korea Central News Agency)་ཡིས་གནས་ཚུལ་སྤེལ་འདུག
ཕྱོགས་མཚུངས་ཀིམ་ཇུང་ཨུན་གྱིས། ཨ་མི་རི་ཀའི་དབང་ཚད་ཆེ་བའི་འགོ་ཁྲིད་སྨྱོན་པ་འདྲ་པོ་དེ་ཏན་ཏན་བཏུལ་ཐུབ་པ་བྱེད་ཀྱི་ཡིན་ལ། ཁོས་བཤད་པའི་སྐད་ཆ་དེའི་མཇུག་འབྲས་
ངན་པ་ཁོ་རའི་ཐོག་འབབ་པ་བཟོ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་མཉམ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ལག་ཏུ་ཤོག་བུ་འཁྱེར་ནས་ཅོག་རྩེ་མདུན་བསྡད་པའི་པར་ཞིག་ཀྱང་བཏོན་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཚོགས་པའི་ཟུར་དུ་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་(Ri Yong-ho)་ཡིས། གསར་འགོད་པ་ཚོར། ཀོ་རི་ཡ་བྱང་མས་ཞི་བདེ་རྒྱ་མཚོའི་ཐོག་ཡང་རླུང་རྫས་རླངས་ཀྱི་འབར་རྗས་གས་གཏོར་བྱེད་སྲིད་པའི་སྐོར་བརྗོད་སྟེ། ཐག་གཅོད་དེ་ང་ཚོའི་འགོ་ཁྲིད་ཀྱིས་བྱ་རྒྱུ་ཡིན་སྟབས་ངས་དེ་ཙམ་གསལ་པོ་བརྗོད་ཐུབ་ཀྱི་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎