ནོར་ལྦེ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བོད་དུ་ཕེབས་གཏན།

ནོར་ལྦེ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་རིང་མིན་བོད་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་པ་རེད།
2008-10-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ནོར་ལྦེ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨོ་ལལྦ་གུ་ནར་སྦའ་ལོ་མཆོག་གིས་དབུ་ཁྲིད་གནང་བའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཕྱི་ཟླ་བཅིུག་པའི་ཚེས་དགུ་ནས་ཚེས་བཅུ་བདུན་བར་བོད་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་སྟེ་ད་ལྟའི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར།སྤྱི་ཚོགས་ཀྱི་གནས་སྟངས་སོགས་ལ་གཟིགས་ཞིབ་གནང་རྒྱུའི་ཆེད་དུ་ཡིན་ཞེས་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཨོ་ལལྦ་གུ་ནར་སྦའ་ལོ་མཆོག་གིས་དེ་རིང་གསར་འགོད་པར་གསལ་སྟོན་གནང་འདུག ཁོང་གིས་མུ་མཐུད་གསུངས་ན་ད་རེས་འཚམས་འདྲིའི་གཟིགས་སྐོར་ཚོགས་པ་དེས་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱལ་རྩེ།གཞིས་རྩེ་སོགས་ནང་ཡོད་པའི་སློབ་གྲྭ་ཁག་དང་ཆོས་ཕྱོགས་ཀྱི་ས་གནས་ཁག་ཏུ་འཚམས་འདྲིའི་གཟིགས་སྐོར་གནང་རྒྱུ་མ་ཟད་དེ་ཡོད་ས་གནས་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་སྐོར་བཀའ་གྲོས་མོལ་གནང་རྒྱུ་ཡིན་ཞེས་གསུང་འདུག འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ཕྱིའི་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་པ་བོད་ནང་འཚམས་འདྲིའི་གཟིགས་སྐོར་གནང་བ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་སྟབས་ད་རེས་ཀྱི་འཚམས་འདྲིའི་གཟིགས་སྐོར་གྱི་ལས་དོན་ཁག་རྒྱ་ནག་གཞུང་གིས་བཏང་འཛིན་འོག་གནང་རྒྱུ་ཡིན་པས་དེ་རྩིས་འཚམས་གཟིགས་སུ་ཕེབས་མཁན་རྣམས་པས་དགོངས་བཞེས་ཐུབ་པའི་རེ་བ་དང་དེ་བཞིན་ད་རེས་ང་ཚོར་བོད་ཀྱི་གནས་སྟངས་དངོས་ཡོད་ཀྱི་ཐོག་ལ་གྲོས་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ང་ཚོ་དགའ་ཚོར་ཆེན་པོ་བྱུང་ཞེས་ནོར་ལྦེ་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་ཆུང་བདག་ལགས་ཀྱིས་གསར་འགོད་པར་དེ་ལྟར་གསལ་བཤད་གནང་ཡོད་པ་རེད། ད་རེས་ནོར་ལྦེ་གྱི་སྐུ་ཚབ་ཚོགས་པའི་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨོ་ལལྦ་གུ་ནར་སྦའ་ལོ་ཡིས་གཙོས་པའི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ཕེབས་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།