ཨ་རིའི་བུ་ལོན་གྱི་ཚད་གཞི་སྤར་ཆ་གནང་ཕྱོགས་ཀྱི་དཀའ་རྙོག

རྒྱལ་ཁབ་ཀྱི་བུ་ལོན་གྱི་ཚད་གཞི་སྤར་ཆ་གནང་ཕྱོགས་ཀྱི་དཀའ་རྙོག་འཕྲལ་དུ་སེལ་དགོས་པའི་དུས་བ་བབ་ཡོད་ལུགས་གཏམ་བཤད་གནང་བ།

2011.07.31

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་བ་མ་མཆོག་གིས་ཁྲིམས་བཟོ་བ་རྣམ་པར་རྒྱལ་ཁབ་ཀྱི་བུ་ལོན་གྱི་ཚད་གཞི་སྤར་ཆ་གནང་ཕྱོགས་ཀྱི་དཀའ་རྙོག་འཕྲལ་དུ་སེལ་དགོས་པའི་དུས་བ་བབ་ཡོད་ལུགས་གཏམ་བཤད་གནང་འདུག

འདས་པའི་ཉིན་ཤས་རིང་སྲིད་འཛིན་ཨོ་བ་མ་མཆོག་གིས་གྲོས་ཚོགས་གོང་འོག་གི་ཁྲིམས་བཟོ་བ་ཡོངས་ལ་རེས་གཟའ་མིག་དམར་གོང་བུ་ལོན་གྱི་ཚད་གཞི་སྤར་ཆ་གཙོས་པའི་ཁྲིམས་འཆར་གཏན་འབེབས་མ་བྱས་ཚེས་གཞུང་འགྲོན་གཏོང་ཡ་མེད་པའི་དཀའ་ངལ་སྤྲད་རྒྱུར་ཐེ་ཚོམ་མེད་པ་མ་ཟད་ རྒྱལ་ཁབ་ནང་སྔར་བྱུང་མྱོང་མེད་པའི་དཀའ་ངལ་ནང་ལྷུངས་ནས་རྒན་ཕོགས་དང་ སྨན་བཅོས་ སྲུང་སྐྱོབ་སོགས་སྤྱི་ཚོགས་བདེ་དོན་གྱི་ལས་འགུལ་མང་དག་ཞིག་ལ་ཟློག་དུ་མེད་པའི་དཀའ་ངལ་འཕྲད་རྒྱུར་ངེས་པར་བརྟེན་ ཚོགས་པ་གཉིས་ཀས་ད་ཆ་སོ་སོའི་ཚོགས་པའི་ལངས་ཕྱོགས་ཁོ་ན་དམ་འཛིན་མ་བྱས་པར་ རྒྱལ་ཁབ་ཀྱི་ཕེ་ཕན་ཆེད་དུ་ལྟ་བ་མཁྲེགས་འཛིན་དོར་ནས་གུ་བཤང་འགྲིག་འཇགས་གྱིས་ ང་ཚོས་ཨ་མི་རི་ཀ་ད་དུང་ཡང་འཛམ་གླིང་ནང་རྒྱལ་ཁབ་རྫིག་ཤོས་ཡིན་པ་བསྐྱར་དུ་ར་སྤྲོད་བྱེད་དགོས་ཅེས་འབོད་སྐུལ་ནན་པོ་གནང་ཡོད་རེད། ཨ་རིའི་དབུས་གཞུང་གི་བུ་ལོན་གྱི་ཚད་གཞི་འདི་ལོ་ཕྱི་ཟླ་ལྔ་པའི་ཚེས་༡༦བར་ཌོ་ལར་ཁྲག་ཁྲིག་༡༤དང་ཐེར་འབུམ་༢༩ཡིན་པ་རེད།  བུ་ལོན་གྱི་ཚད་གཞི་སྤར་ཕྱོགས་དང་གཞུང་གི་འགྲོ་སོང་གཅོག་ཆ་བྱ་ཕྱོགས་དང་ཡོང་འབབ་སོགས་ཀྱི་ཐད་ད་བར་དམངས་གཙོ་དང་སྤྱི་མཐུན་ཚོགས་པའི་དབར་འགྲིག་འཇག་བྱུང་མེད་ཀྱང་རྒྱ་ཆེའི་མང་ཚོགས་ཀྱི་གནོན་ཤུགས་འོག་ཉི་མ་གཉིས་ནང་ཚུད་འགྲིག་འཇགས་ཡོང་རྒྱུར་ཚོད་དཔག་བྱེད་བཞིན་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎