རྒྱ་ནག་ལ་ཐབས་ཇུས་ཀྱི་ཐད་ནས་མགོ་རྙོག་འཕར་མ་ཆགས་པ།

2016-05-27
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་མཆོག་དང་ཉི་ཧོང་ལ་ཚོགས་པའི་G7ཚོགས་ཆེན་ལ་ཕེབས་པའི་དབུ་ཁྲིད་རྣམ་པ། ༢༠༡༦།།༥།༢༦
ཨ་རིའི་སྲིད་འཛིན་མཆོག་དང་ཉི་ཧོང་ལ་ཚོགས་པའི་G7ཚོགས་ཆེན་ལ་ཕེབས་པའི་དབུ་ཁྲིད་རྣམ་པ། ༢༠༡༦།།༥།༢༦
White House

ཨ་རི་དང་Vietnam་གཉིས་ཀྱི་འབྲེལ་བ་ཟབ་དུ་འགྲོ་བཞིན་པ་དེས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་ལ་ཐབས་ཇུས་ཀྱི་ཐད་ནས་མགོ་རྙོག་འཕར་མ་ཞིག་ཆགས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་Barrack Obama་མཆོག་ནས་སྲིད་འཛིན་གྱི་ལས་ཡུན་གཙང་ལ་ཉེ་བའི་སྐབས། ཨེ་ཤེ་ཡའི་ཁུལ་དུ་རྒྱལ་དོན་མཚམས་གཟིགས་མཐའ་མ་དེ་བདུན་ཕྲག་འདིའི་ནང་Vietnam་གྱི་རྒྱལ་ས་Hon Chi Min་གྲོང་ཁྱེར་དུ་ཉིན་གསུམ་རིང་བསྐྱངས་ཡོད་པ་རེད།
ཐེངས་འདིའི་གཞུང་དོན་མཚམས་གཟིགས་སྐབས་ཡུལ་གྲུ་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ནང་། ཨ་རི་གཞུང་ནས་དེ་སྔ་Vietnam་དམག་འཁྲུག་རྗེས་ད་ཕན་ལོ་ངོ་ལྔ་ཙམ་རིང་ Vietnam་ལ་གོ་མཚོན་ཚོང་འགྲེམས་བཀོད་བསྡོམས་བྱས་ཡོད་པ་དེ་ལྟར་ད་རེས་ཕྱིར་འཐེན་གནང་ཡོད་པ་རེད།
སྲིད་འཛིན་Obama་མཆོག་གིས། གོ་མཚོན་ཚོང་འགྲེམས་བཀག་བསྡོམས་ཕྱིར་འཐེན་གནང་བ་དེ། ཁུལ་དེའི་ནང་རྒྱ་ནག་གི་དབང་ཤུགས་ལ་གདོང་ལེན་ཁ་གཏད་ཆེད་མིན་པའི་སྐོར་ནན་བཤད་ཐེངས་མང་གནང་ཡོད་ཀྱང་བདེ་འཇགས་ཀྱི་ཐད་ནས་གནད་དོན་དབྱེ་ཞིབ་པ་ཚོས། ཨ་རི་དང་Vietnam་གཉིས་དབར་དམག་དོན་གཙོ་བོར་འགྱུར་བའི་འབྲེལ་བ་དམ་ཟབ་འགྲོ་བཞིན་པ་དེས་འཕྲལ་ཕུག་གཉིས་ཀའི་ཐོག་ནས་རྒྱ་ནག་ལ་ཐབ་ཇུས་ཀྱི་དཀའ་ངལ་བཟོ་གཞིའི་གནས་སྟངས་ཞིག་ཆགས་ཡོད་པ་གཟིགས་ཀྱི་ཡོད་འདུག
དེ་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་མཚོ་གླིང་བདག་བཟུང་བྱེད་པ་དང་། བཅོས་མའི་མཚོ་གླིང་གསར་བསྐྲུན་བྱེད་པ་དེ་བཞིན་མཚོ་ཁུལ་དེའི་ནང་དམག་དོན་གྱི་རྟེན་གཞི་འཛུགས་བསྐྲུན་གྱི་ལས་འཆར་སོགས་རྐྱེན་པས་Vietnam་གཙོས་པའི་རྒྱལ་ཁབ་གཞན་ཁག་གཅིག་དང་རྩོད་གླེང་ཇེ་ཆེར་འགྲོ་བཞིན་པའི་སྐབས། ཨ་རིས་Vietnam་ལ་གོ་མཚོན་ཚོང་འགྲེམས་བཀག་བསྡོམས་ཕྱེར་འཐེན་བྱས་པ་དེས་Vietnam་གྱིས་ཁུལ་དེའི་ནང་རྒྱ་ནག་གི་དམག་དོན་ལས་འཆར་ལ་རྟོགས་ཞིབ་ཆེད་ཨ་རི་ནས་གསང་བའི་མྱུང་ཞིབ་གནམ་གྲུ་དང་། དེ་བཞིན་མི་མེད་གནམ་གྲུ་ལ་སོགས་པའི་དམག་དོན་གྱི་ཡོ་ཆས་འཁོ་འདོན་ཐུབ་རྒྱུའི་ཆ་རྐྱེན་བསྐྲུན་ཡོད་པ་རེད། ཕུག་རྒྱང་གི་ཐད་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་Vietnam་རྒྱལ་ཁབ་ཀྱི་ཆགས་བབ་ལ་བརྟེན་ནས་Vietnam་ནང་མ་འོངས་པར་ ཨ་མི་རི་ཀའི་མཚོ་དམག་སྒྲིག་འཛུགས་ཀྱི་རྟེན་གཞི་གསར་བསྐྲུན་གྱི་དམིགས་ས་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་དབར་ཆབ་སྲིད་ཀྱི་འབྲེལ་བ་ཇི་ཙམ་མདུན་བསྐྱོད་དུ་སོང་ན་དེ་ཙམ་གྱི་ཕན་ཚུན་ཡིས་ཆེད་འཕེལ་སྟེ་རྒྱ་ནག་ཐོག་གསང་བའི་གནས་ཚུལ་རྗེས་རེས་ལ་སོགས་པའི་མཉམ་སྦྲེལ་གྱི་ལས་དོན་རྒྱ་ཆེར་འགྲོ་རྒྱུ་ཡིན་པ་དཔྱད་ཞིབ་བྱེད་བཞིན་འདུག
དེ་བཞིན་འདི་ཚེས་༢༧ཉིན། སྲིད་འཛིན་ཨོ་བྷ་མ་མཆོག་དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས། ཨ་མི་རི་ཀའི་རྡུལ་ཕྲན་འབར་མདེལ་གྱི་གཏོར་རྒོལ་བཏང་ཡུལ་ཉི་ཧོང་གི་Hiroshima་གྲོང་ཁྱེར་དུ་གུས་འདུད་ཀྱི་མཚམས་གཟིགས་གནང་ཡོད་པ་དང་། འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་དྲན་རྟེན་གྱི་བང་སོ་ཁང་དུ་མེ་ཏོག་གི་ཕྲེང་བ་སྒྲོན་གནང་ཡོད་པ་རེད། དེ་ནི་ལོ་རྒྱུས་ཐོག་གྲོང་ཁྱེར་དེའི་ནང་ཨ་རིའི་སྲིད་འཛིན་གྱི་གཟིགས་སྐོར་གནང་བ་ཐོག་མ་ཡིན་པ་རེད།
དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་༡༩༤༥་ལོའི་ཕྱི་ཟླ་༨པའི་ཚེས་༦ཉིན། ཨ་མ་རི་ཀའི་ཉི་ཧོང་གི་Hiroshima་གྲོང་ཁྱེར་སྟེང་རྡུལ་ཕྲན་མཚོན་ཆ གཡུག་ནས་ཁྱོན་མི་གྲངས་༡༤༠༠༠་ལྷག་རྐྱེན་འདས་སུ་བཏང་ཡོད་པ་རེད། གནས་ཚུལ་དེའི་ཐོག་ཨ་རིའི་ངོས་ནས་ད་ཕན་ཉི་ཧོང་རྒྱལ་ཁབ་དང་མི་མང་ལ་བློ་འགྱོད་དང་ཐུགས་གསོའི་རྣམ་འགྱུར་སོགས་གང་ཡང་བསྟན་མེད་ཀྱང་། ཉེ་ལམ་སྲིད་འཛིན་Obama་མཆོག་ནས་ཉི་ཧོང་ནང་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་དང་བསྟུན་སྟེ་Hiroshima་གྲོང་ཁྱེར་དུ་གཟིགས་སྐོར་བསྐྱངས་རྒྱུ་ཡིན་པ་གསལ་བསྒྲགས་གནང་བ་དང་། ད་ཐེངས་གཟིགས་སྐོར་གནང་ཡོད་ཀྱང་དོན་རྐྱེན་ལ་དགོངས་སེལ་ཞུས་མེད་པ་རེད༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།