སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་དོན་གླེང་འདུག

2016-06-15
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༦།༦།༡༥་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས།
༢༠༡༦།༦།༡༥་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས།
TWH

 

སྲིད་འཛིན་ཨོ་བྷ་མ་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་སྐབས་བོད་དོན་གླེང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་གསུངས་འདུག
དེ་ཡང་རྒྱ་ནག་གིས་གནོན་ཤུགས་ལ་མ་བལྟོས་པར་དེ་རིང་ཕྱི་ཟླ་༦་པའི་ཚེས་༡༥་རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོར། ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་Obama་མཆོག་གིས་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་གདན་ཞུ་དང་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་རེད།
མཇལ་འཕྲད་རྗེས་ཕོ་བྲང་དཀར་པོ་ནས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ནང་བྱམས་སྙིང་རྗེ་དང་། འཚེ་མེད། གུས་བཀུར་གྱི་ལས་དོན་སྤེལ་གནང་བར་བསྔགས་བརྗོད་དང་། སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་བཀའ་མོལ་གནང་བ་དང་། སྲིད་འཛིན་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡང་སྲུང་སྐྱོབ་གནང་དགོས་པའི་སྐོར་འཁོད་ཡོད་འདུག
ད་དུང་སྲིད་འཛིན་མཆོག་གིས་༧་གོང་ས་མཆོག་གིས་འཛམ་གླིང་གི་ཞི་བདེ་དང་འཚེ་མེད་ཞི་བའི་ཐོག་ཕྱག་ལས་གནང་བར་བསྔགས་བརྗོད་དང་། ༧གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་བ་མ་ཟད། སྲིད་འཛིན་མཆོག་གིས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ཡང་ན་གང་ཉིད་ཀྱི་སྐུ་ཚབ་རྣམ་པའི་ལྷན་དུ་ཕྱོགས་ཕན་ཚུན་གྱི་དཀའ་རྙོག་དང་མཐུན་མིན་གྱི་གནད་དོན་ཁག་སེལ་ཆེད་དོན་ཕན་ལྡན་པ་དང་ཐད་ཀར་གྱི་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་འདུག
གནད་དོན་འདིའི་ཐད་སྲིད་འཛིན་མཆོག་གིས་ཨ་མི་རི་ཀའི་གཞུང་གིས་རྒྱུན་རིང་ནས་འཛིན་པའི་སྲིད་བྱུས་ནི་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བོད་རང་དབང་རང་བཙན་ལ་རྒྱབ་སྐྱོར་གནང་གི་མེད་སྐོར་བཀོད་ཡོད་འདུག
ཡང་ཨ་རིའི་སྲིད་འཛིན་མཆོག་གི་སྤྱི་བསྒྲགས་དེའི་ནང་༧གོང་ས་མཆོག་གིས་ཀྱང་བོད་རང་བཙན་རྩོད་གནང་གི་མེད་སྐོར་དང་། གང་ཉིད་ཀྱི་སྐུ་ཚབ་རྣམ་པའི་ལྷན་དུ་རྒྱ་ནག་གཞུང་གིས་གང་མགྱོགས་གྲོས་མོལ་གནང་བའི་ཐུགས་རེ་གནང་གི་ཡོད་སྐོར་བཀའ་གནང་བ་སོགས་གནས་ཚུལ་བཀོད་འདུག
གསར་འགོད་པ་ལྷུན་གྲུབ།
མཆན། (0)
Share
དྲ་གནས་ཆ་ཚང༌།