འཛམ་གླིང་གི་གནམ་གཤིས་ཚ་དྲོད་འཕེལ་བཞིན་པ་འགོག་ཐབས།

ཨ་མི་རི་ཀའི་སྲིད་གཞུང་གསར་པས་འཛམ་གླིང་གི་གནམ་གཤིས་ཚ་དྲོད་འཕེལ་བཞིན་པ་འགོག་ཐབས་ཀྱི་སྲིད་ཇུས་སྔར་བས་ལག་བསྟར་གནང་རྒྱུ།

2009-03-29
Share

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གི་སྲིད་གཞུང་གསར་པའི་འཛམ་གླིང་གི་གནམ་གཤིས་ཚ་དྲོད་འཕེལ་བཞིན་པ་འགོག་ཐབས་ཀྱི་ཕྱག་ལས་གནང་མཁན་སྐུ་ཚབ་ཀྱི་འཛམ་གླིང་ནང་ཚ་དྲོ་འཕེལ་བའི་རྒྱུ་རྐྱེན་མོ་ཊའི་དུག་རླངས་དང་བཟོ་གྲྭའི་དུག་རླངས་ཀྱི་རྫས་འགྱུར་རིགས་ཉུང་དུ་གཏང་ཐབས་སྲིད་ཇུས་སྔར་བས་ལག་བསྟར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།

རེས་གཟའ་ཉི་མའི་ཉིན་འཇར་མ་ནི་དུ་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གལ་ཆེའི་ལྷན་ཚོགས་ཐོག་ལ་སྲིད་འཛིན་ཨོ་སྦ་མ་མཆོག་གི་སྲིད་གཞུང་གསར་པའི་སྐུ་ཚབ་འཐུས་མི་རྣམས་ཐེངས་དང་པོ་ཚོགས་ཞུགས་གནང་བར་བརྟེན་ལྷན་ཚོགས་དེའི་ཐོག་ཚོགས་ཞུགས་གནང་བའི་རྒྱལ་ཁབ་༡༧༥སྐུ་ཚབ་འཐུས་མི་ཚོས་ཨོ་སྦ་མ་མཆོག་གིས་འཛམ་གླིང་གི་ཚ་དྲོད་འཕེལ་བཞིན་པའི་དཀའ་ངལ་སེལ་ཐབས་ཐད་གཞི་རྒྱ་ཆེ་བའི་ཐུགས་འགན་བཞེས་རྒྱུ་མཚོན་པའི་ཐག་གཅོད་ཇི་འདྲ་གནང་མིན་སྐོར་དོ་སྣང་ཆེན་པོ་བྱས་ཡོད་ཅིང་སྐབས་དེར་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བསྐོ་བཞག་གནང་བའི་གནམ་གཤིས་འགྱུར་ལྡོག་ཐོག་ཕྱག་ལས་གནང་མཁན་གྱི་དམིགས་བསལ་སྐུ་ཚབ་ཀྲོཏ་སི་ཀྲན་ཡིས་ལྷན་ཚོགས་དེའི་ཐོག་ལ་ཨ་མི་རི་ཀའི་ལས་དོན་རུ་ཁག་གསར་པ་དེ་ནི་མ་འོངས་པར་ནུས་སྟོབས་ཆེན་པོ་དང་རྩོལ་ཤུགས་དྲག་པོའི་སྒོ་ནས་འཛམ་གླིང་གི་ཚ་དྲོད་འཕེལ་བཞིན་པའི་དཀའ་ངལ་སེལ་ཐབས་ལ་ནུས་པ་གང་ཡོད་འདོན་སྤེལ་གནང་རྒྱུ་ཡིན། ཡིན་ནའང་གཉན་འཕྲད་ཅན་གྱི་དུས་སྐབས་དེར་རྒྱ་ནག་གཙོས་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་འཛམ་གླིང་གི་ཚ་དྲོད་འཕེལ་བཞིན་པའི་དཀའ་ངལ་གྱི་འཁུར་བུ་ཆེན་པོ་དེ་ཨ་རི་ཁོ་ནའི་ཐོག་ཏུ་མ་བཀུར་བར་ཚང་མས་ཕྱག་འདྲེན་མཉམ་འདེབས་ཀྱི་ཐོག་ནས་སེལ་ཐབས་བྱ་དགོས་པ་གལ་འགངས་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།