རོགས་དངུལ་ཧིན་སྒོར་ས་ཡ་༢༤ལྷག་བྱུང་འདུག


2014.04.24
གོད་ཆགས་ཕོག་ཁུལ་ཕུན་ཚོགས་གླིང་གི་མ་རྨོས་ལོ་ཏོག་གི་ས་ཞིང་། གོད་ཆགས་ཕོག་ཁུལ་ཕུན་ཚོགས་གླིང་གི་མ་རྨོས་ལོ་ཏོག་གི་ས་ཞིང་།
པར། མཉམ་འབྲེལ

རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ཁུལ་ལ་བོད་མི་གནས་སྡོད་ས་གནས་འདྲ་མིན་ནས་རོཊ་དངུལ་ཧིན་སྒོར་ས་ཡ་༢༤་གནང་འདུག
དེ་ཡང་ན་ནིང་ཕྱི་ཟླ་བརྒྱད་པའི་ནང་རྒྱ་གར་གྱི་མཚོ་ཁའི་མངའ་ཁུལ་Gajapatiཡི་Odisha ས་གནས་ནང་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་སྐབས། ཁུལ་དེའི་ནང་གནས་པའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་ཚོའི་འཚོ་བརྟེན་མ་རྨོས་ལོ་ཏོག་གི་ཞིང་སར་གནོད་འཚེ་ཆེན་པོ་བྱུང་ཡོད་ཅིང་། རྒྱ་གར་ས་གནས་ཞིང་ལས་ལས་ཁང་གི་དཔོན་རིགས་ནས་གསུང་བར་ལྟར་ན། ས་གནས་དེའི་ནང་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཁྲོད་མ་རྨོས་ལོ་ཏོག་གི་ས་ཞིང་བརྒྱ་ཆ་དགུ་བཅུ་ནས་དགུ་བཅུ་གོ་ལྔ་ཙམ་ལ་གནོད་འཚེ་ཕོག་ཡོད་པ་རེད། སྐབས་དེར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཞིང་ལ་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཚབས་ཆེ་ཕོག་པའི་གནས་ཚུལ་བྱུང་བའི་རྗེས་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁང་གི་དབུས་པའི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མིའི་དོན་གཅོད་ལས་ཁང་ཁག་དང་།  དེ་བཞིན་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ནང་ཡོད་པའི་བོད་མི་གཞིས་ཆགས་ཁག་སོགས་བོད་མི་གནས་སྡོད་ས་གནས་གང་ས་ནས་རོགས་དངུལ་ཞལ་འདེབས་གནང་བ་ཁྱོན་ཧིན་སྒོར་ས་ཡ་ཉི་ཤུ་རྩ་བཞི་ལྷག་ཙམ་བྱུང་ཡོད་པ་དང་། ཕྱི་ཟླ་བཞིའི་ཚེས་༡༦ཉིན་ནང་སྲིད་ལས་ཁང་གི་དྲུང་ཆེ་འཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་། དྲུང་འཕར་འཆི་མེད་རིག་འཛིན་ལགས་རྣམ་གཉིས་གནོད་འཚེ་ཕོག་ཡུལ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཆེད་ཕེབས་ཀྱིས་རོགས་རམ་བགོ་འགྲེམས་གནང་ཡོད་འདུག  

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎