རྒྱ་གར་གྱི་རྒྱ་མཚོ་ནས་རྡོ་སྣུམ་བསྔོགས་འདོན་འགོ་ཚུགས་འདུག

རྒྱ་གར་གྱི་ཚོང་པ་མུ་ཀེཤ་ཨམ་སྦ་ནི་ཡིས་རྒྱ་གར་གྱི་རྒྱ་མཚོ་སྦེ་ཨོབ་སྦེང་གལ་ནས་རྡོ་སྣུམ་བསྔོགས་འདོན་འགོ་བཙུགས་ཡོད་པའི་གནས་ཚུལ་འདུག

2008.09.21

༄༅༎འཛམ་གླིང་ནང་ནས་རྒྱུ་ཕྱུག་ཤོས་ཤིག་ཡིན་པ་རྒྱ་གར་གྱི་ཚོང་པ་མུ་ཀེཤ་ཨམ་སྦ་ནི་ཡིས་གཉེར་བའི་རི་ལའེན་སི་ཞེས་པས་རྒྱ་གར་གྱི་རྒྱ་མཚོ་སྦེ་ཨོབ་སྦེང་གལ་ཞེས་པ་ནས་རྡོ་སྣུམ་བསྔོགས་འདོན་འགོ་བཙུགས་ཡོད་པའི་གནས་ཚུལ་འདུག

དེང་སྐབས་འཛམ་གླིང་ནང་རྡོ་སྣུམ་གྱི་ཁེ་གཉེར་ལས་ཁང་ཆེ་ཁག་གིས་རྡོ་སྣུམ་གྱི་ཐོན་ཁུངས་གསར་པ་རྙེད་དཀའ་བའི་དཀའ་ངལ་འཕྲད་བཞིན་པ་དང་སྟོབས་ཤུགས་ཆེ་བའི་གཞུང་དང་སྒེར་པའི་རྡོ་སྣུམ་གྱི་ཁེ་གཉེར་ལས་ཁང་ཁག་གིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ནས་རྡོ་སྣུམ་བཏོན་བཞིན་པའི་སྐབས་འདིར་རི་ལའེན་སི་ཞེས་པའི་རྒྱ་གར་གྱི་ཁེ་གཉེར་ལས་ཁང་གིས་རྒྱ་གར་རྒྱ་མཚོ་ནས་རྡོ་སྣུམ་བཏོན་འགོ་བཙུགས་ཡོད་པ་རེད་ ཁ་ས་མུ་ཀེཤ་ཨམ་སྦ་ནི་ད་རེས་རྒྱ་གར་གྱི་ཁེ་གཉེར་ལས་ཁང་ཞིག་ནས་རྡོ་སྣུམ་བསྔོགས་འདོན་ཐུབ་པ་དེ་ནི་རྒྱ་གར་མི་མང་ཡོངས་ལ་ཐབས་ཇུས་དང་སེམས་འགུལ་དྲག་པོ་ཐེབས་དགོས་པའི་མཚོན་རྟགས་ཤིག་ཡིན་པ་དང་ རྒྱ་གར་རང་ཉིད་ནས་རྡོ་སྣུམ་དང་རང་བྱུང་སོད་རླངས་འདོན་ཐུབ་རྒྱུ་མིན་སྐོར་བརྗོད་མཁན་འཛམ་གླིང་མི་དེ་ཚོར་ད་རེས་རྒྱ་གར་ལ་རྡོ་སྣུམ་འདོན་ཐུབ་པའི་ནུས་པ་དེ་ཡོད་པའི་ར་སྤྲོད་ཁུངས་སྐྱེལ་ཐུབ་སྐོར་གསུངས་འདུག སྦེ་ཨོབ་སྦེང་གལ་ཞེས་པའི་རླུང་ཚུབ་ལངས་སླ་བའི་རྒྱ་མཚོའི་གཏིང་རིང་ཕི་ཀྲི་སྟོང་ཕྲག་བརྒྱད་ནས་རྡོ་སྣུམ་འདོན་རྒྱུ་དེ་ནི་བཟོ་རྩལ་རིག་གནས་ཀྱི་ངོ་མཚར་ལྡན་པའི་བྱ་སྤྱོད་ཅིག་དང་དེ་སྔ་ཡིན་ན་འཛམ་གླིང་གི་རྡོ་སྣུམ་ལས་ཁང་རྩེ་ཕུད་འགའ་རེས་མ་གཏོགས་བསྔོགས་འདོན་ཐུབ་ཀྱི་མ་རེད་ རི་ལའེན་སི་ཡིས་སྦེ་ཨོབ་སྦེང་གལ་རྒྱ་མཚོ་ནང་ནས་ཙམ་མིན་པར་ ད་ནས་ཟླ་བ་བཅོ་བརྒྱད་ཀྱི་ནང་ཚུད་ལ་རྒྱ་གར་ལྷོ་ཕྱོགས་ཀིརིཤ་ན་དང་གོ་རྡ་ལྦ་རི་རྒྱུག་ཆུ་གཉིས་ཀྱི་ཡུལ་གཤོངས་ནས་ཀྱང་རྡོ་སྣུམ་དང་རང་བྱུང་སོད་རླངས་བསྔོགས་འདོན་བྱེད་འཆར་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎