ཧོང་ཀོང་ནང་ངོ་རྒོལ་རིགས་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ལུགས།

ཧོང་ཀོང་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་སྐབས་ ངོ་རྒོལ་ལས་འགུལ་སྤེལ་རྒྱུར་བརྩི་བཀུར་ཞུ་རྒྱུ་ཡིན་ལུགས་གསུངས་འདུག
2008-04-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དེ་རིང་ཧོང་ཀོང་གི་ཉེན་རྟོག་པས་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་རེས་གཟའ་པ་སངས་ཉིན་ཧོང་ཀོང་ནང་

སྐོར་བསྐྱོད་བྱེད་པའི་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་འཛིན་བཟུང་བྱ་མི་ད་ལྟ་ཐག་གཅོད་བྱས་མེད་ཅིང༌། ཡིན་ནའང་རང་དབང་གི་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་བརྩི་བཀུར་ཞུ་རྒྱུ་ཡིན་ལུགས་གསུང་ཡོད་པ་རེད།

ཉེན་རྟོག་བཀོད་བསྡོམས་ལས་ཁང་གི་འགོ་ཁྲིད་ལ་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱེད་པའི་སྐབས་

བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་ཐད་བཀའ་འདྲི་ཞུས་པའི་ལན་དུ་ཧོང་ཀོང་ནི་རང་དབང་གི་སྤྱི་ཚོགས་ཤིག་ཡིན་པ་དང་

རང་དབང་གི་ངོ་རྒོལ་བྱ་རྒྱུར་དགའ་བསུ་ཡོད། འོན་ཀྱང་གནད་དོན་དེ་ནི་དངོས་ཡོད་ཀྱི་གནས་སྟངས་ལ་རག་ལུས་ཀྱི་ཡོད་པའི་སྐོར་དང༌། ངའི་ངོས་ནས་ཉིན་མོ་དེར་མི་སུ་གཅིག་གིས་འཁྲུགས་རྐྱེན་སློང་བའི་བྱ་སྤྱོད་གང་ཡང་མ་སྤེལ་བའི་འབོད་སྐུལ་ཞུ་གི་ཡོད། ད་ལྟ་བར་ཚོགས་པ་གཅིག་གིས་ངོ་རྒོལ་ལས་འགུལ་སྤེལ་ཆོག་པའི་སྙན་སེང་ཞུས་ཡོད་ཀྱང་དེའི་ཐོག་བཀའ་བསྡུར་གནང་བཞིན་ཡོད་པའི་སྐོར་གསུང་

ཡོད་པ་རེད། ཉེ་ཆར་ཧོང་ཀོང་ས་གནས་གཞུང་གིས་དེ་སྔ་ཕྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་དམངས་གཙོའི་སློབ་ཕྲུག་

ལས་འགུལ་ལ་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པའི་གནས་སྟངས་དྲན་རྟེན་བཟོ་བཀོད་གནང་མཁན་ཌེན་མཱག་མི་རིགས་ཡིན་པ་

ཞིག་དང་ཕྱོག་རོགས་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པར་བརྟེན་ཁོང་ཧོང་ཀོང་ནང་འགྲོ་བསྐྱོད་བྱ་རྒྱུའི་

ཐོངས་མཆན་ལག་འཁྱེར་མ་སྤྲད་པའི་གནད་དོན་ཐོག་ནས་ཧོང་ཀོང་ས་གནས་སྲིད་གཞུང་ཐོག་སྨྲ་བརྗོད་རང་དབང་གི་གནད་དོན་ཐད་སྐྱོན་བརྗོད་

ཤུགས་ཆེན་ཡོང་བཞིན་ཡོད་པ་རེད། 

མཆན། (0)
Share
དྲ་གནས་ཆ་ཚང༌།