རྒྱ་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ལན་འདེབས།

2020-02-11
གློག་འཕྲིན།
མཆན།
Share
པར་བཀོད།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༣༠ ཕེབས་པའི་ཞལ་རས།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༣༠ ཕེབས་པའི་ཞལ་རས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་སྐུ་གཟུགས་བདེ་བོའི་ཐོག་སློབ་གྲྭ་ཐོན་ཏེ་ད་སྐབས་ཕྱག་ལས་གནང་བཞིན་ཡོད་པ་རྒྱ་ནག་གིས་བརྗོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མི་སྣ་གར་སོང་ཆ་མེད་ཚོགས་ཆུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེའི་སྐོར་འདྲི་ཞིབ་གནང་པར་རྒྱ་ནག་གཞུང་གིས་ཁོང་སློབ་སྦྱོང་ཐོན་ནས་ཕྱག་ལས་གནང་བཞིན་ཡོད་པ་བརྗོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དབུ་ཁྲིད་འོག་མི་སྣ་གར་སོང་ཆ་མེད་རྟོག་ཞིབ་ལས་དོན་ཆོགས་ཆུང་གི་ཚོགས་འདུ་ཐེངས་ ༡༢༠ ་པ་དེ། ཟླ་འདིའི་ཚེས་༡༠་ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝའི་ནང་དངོས་སུ་དབུ་འཛུགས་གནང་པ་དང་། ཚོགས་འདུའི་སྐབས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཉི་ཤུ་ལྷག་ཙམ་འགྲོ་བཞིན་འདུག་ཅེས་ཞུ་སྦྱོར་སྙན་ཞུ་ལོ་ནས་ལོ་བསྟུད་འབུལ་ལམ་ཞུ་པ་བརྒྱུད་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ནས། ཁོང་ཚོའི་དྲི་བ་རྒྱ་ནག་ལ་སྤྲད་པར། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་གཟུགས་བདེ་པོའི་ཐོག་སློབ་གྲྭ་ཐོན་ཏེ་ད་སྐབས་ཕྱག་ལས་གནང་བཞིན་ཡོད་ཅེས་ལན་འདེབས་བྱས་ཡོད་པ་དང་། ད་དུང་མུ་མཐུད་དུ་མི་སྣ་གར་སོང་ཆ་མེད་གྱུར་པའི་འབྲེལ་ཡོད་ཚོགས་ཆུང་གི་དབུ་ཁྲིད་ལ་ཟུར་དུ་ཞུ་སྦྱོར་སྙན་ཞུ་ཕུལ་རྒྱུ་ཡིན་པ་སོགས་སུད་སིའི་ནང་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།


མཆན། (0)
Share
དྲ་གནས་ཆ་ཚང༌།