པཎ་ཆེན་ཡང་སྲིད་མཆོག་གི་ཆེད་མཁས་པའི་བགྲོ་གླེང་ཚོགས་པ།

2016-05-18
གློག་འཕྲིན།
མཆན།
Share
པར་བཀོད།
ཧིན་བོད་མཛའ་འབྲེལ་ཚོགས་པས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཆེད་མཁས་པའི་བགྲོ་གླེང་ཚོགས་སྐབས། ༢༠༡༦།༥།༡༧
ཧིན་བོད་མཛའ་འབྲེལ་ཚོགས་པས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཆེད་མཁས་པའི་བགྲོ་གླེང་ཚོགས་སྐབས། ༢༠༡༦།༥།༡༧
འཇིགས་མེད་སྙན་གྲགས།/RFA

ཧིན་བོད་མཛའ་འབྲེལ་ཚོགས་པས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་༢༡་འཁོར་བའི་དུས་དྲན་སྐབས། ཕྱི་ཚེས་༡༧་ཉིན་བཞུགས་སྒར་རྡ་རམ་ས་ལར་མཁས་པའི་བགྲོ་གླེང་གོ་བསྒྲིགས་ཞུས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༩༥་ལོའི་ཕྱི་ཟླ་༤་ཚེས་༡༤་ཉིན། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ནས་ཉིན་གསུམ་གྱི་རྗེས། ཕྱི་ལོ་༡༩༩༥་ལོའི་ཕྱི་ཟླ་༥་ཚེས་༡༧་ཉིན་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཡབ་ཡུམ་སྐུ་འཁོར་བཅས་པ་བཙན་འཁྲིད་ཞུས་པའི་རྗེས་སུ་གར་སོང་ཆ་མེད་དུ་གྱུར་ནས་ད་ལོ་༢༡་ཕྱིན་པར་བརྟེན་ཕྱི་ཚེས་༡༧་ཉིན་རྡ་ས་མེག་གན་བོད་ཀྱི་གསོལ་མགྲོན་ཁང་ནང་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། རྒྱ་གར་གྱི་མཁས་དབང་རྩོམ་པ་པོ་PN Sharma་ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་སེངྒ་མན་ཀོ་ཌི་ཡ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། རྡ་ས་ས་གནས་འགོ་འཛིན་གྱི་ལས་ཚབ་ཚེ་རིང་ལྷ་མོ་བཅས་དབུ་བཞུགས་ཐོག་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༡་འཁོར་བའི་རྗེས་དྲན་དང་འབྲེལ་བའི་བགྲོ་གླེང་གནང་འདུག།
སྐབས་དེར་རྒྱ་གར་གྱི་མཁས་དབང་པེ་ཨིན་ཤརྨ་ལགས་ཀྱིས་གསུངས་དོན། ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟས་བྱས་པ་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་བཏང་བ་དང་བོད་རྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་འཚོལ་སྟངས་ཀྱི་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ། རྒྱལ་དབང་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཕན་ཚུན་ཡང་སྤྲུལ་ངོས་འཛིན་མཛད་རེས་དང་བསླབ་པ་སློབ་གཉེར་གསན་བསམ་མཛད་རེས་ཀྱི་སྲོལ་རྒྱུན་ཁྱད་པར་ཅན་ཞིག་ཡོད་ཀྱང་། ད་ཆ་ཆོས་མེད་སྨྲ་བའི་རྒྱ་ནག་གུང་བྲན་ཏང་གི་བོད་བརྒྱུད་ནང་བསྟན་གྱི་བླ་སྤུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་ཆ་ཚང་ཡོད་ཚུལ་བཤད་ནས་རྒྱ་ནང་གུང་བྲན་ཏང་གིས་ཆོག་མཆན་མེད་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གཅིག་ཀྱང་ངོས་འཛིན་མི་ཆོག་པའི་བཙན་བཀའ་བསྒྲགས་སྐོར་སོགས་གསུངས་འདུག སྐབས་དེར་སྐལ་ལྡན་མཚོ་མོ་ལགས་ཀྱིས་༧གོང་ས་མཆོག་ནས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་ངོས་འཛིན་མཛད་སྟངས་དང་། རྒྱ་གཞུང་གི་རྣམ་འགྱུར་སྟོན་སྟངས། པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཙོས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་རྣམ་འགྱུར་སྟོན་སྟངས་སོགས་ཀྱི་སྐོར་ལ་གསུངས་བཤད་གནང་འདུག།  
པཎ་ཆེན་རིན་པོ་མཆོག་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་ཕྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་ནང་ཉིན་གྲངས་བདུན་རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།