སྤྱི་འཐུས་གཉིས་ཀྱིས་བལ་ཡུལ་བོད་མིའི་གཞིས་ཆཊ་ཁག་ལ་གཟིཊ་སྐོར།

2017-07-04
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་ནང་གི་མ་ནང་གཞིས་ཆགས་སུ་གཟིགས་སྐོར། ༢༠༡༧
བལ་ཡུལ་ནང་གི་མ་ནང་གཞིས་ཆགས་སུ་གཟིགས་སྐོར། ༢༠༡༧
tibet.net

བོད་མི་མང་སྤྱི་འཐུས་གཉིས་ཀྱིས་བལ་ཡུལ་ནང་གི་བོད་མིའི་བདེ་སྡུག་ཤེས་རྟོགས་ཆེད་གཞིས་ཆགས་ཁག་ལ་གཟིགས་སྐོར་གནང་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་བལ་ཡུལ་ནང་ཡོད་པའི་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཉིན་གྲངས་ཉི་ཤུ་རྩ་དྲུག་རིང་མི་མང་གི་བདེ་སྡུག་ལ་གཟིགས་རྟོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་བཅས་པ་ངོ་སྤྲོད་ཀྱི་གཟིགས་སྐོར་དེ་གང་ལེགས་བྱུང་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
སྤྱི་འཐུས་རྣམ་གཉིས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༢  ནས་ཕྱི་ཟླ་ ༦ ཚེས་ ༡༢ བར་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་སྤོག་ར་བཀྲ་ཤིས་གླིང་། སྤོག་ར་བཀྲ་ཤིས་དཔལ་འཁྱིལ། སྤོག་ར་གློ་སྒྲིག་ཁོངས་བྱམས་པ་གླིང་དང། དཔལ་འབྱོར་གླིང། བཀྲ་ཤིས་སྒང་དང་། གཞན་ཡང་རྡོར་པ་ཊན།  གློ་ཚེ་རོག མ་ནང་ངམ་སྙེ་ཤང་བཅས་ལ་གཟིགས་སྐོར་གྱིས་གོང་བརྗོད་བོད་མིའི་གཞིས་ཆགས་དང་ས་གནས་ཁག་གི་སློབ་གྲྭ་དང་། དགོན་པ། སྨན་ཁང་། བཟོ་གྲྭ རྒས་གསོ་ཁང་དང་། ཁྱིམ་ཚང་ཉམ་ཐག་ཁག་གི་གནས་སྟངས་ལ་རྟོགས་ཞིབ་དང་དཀའ་ངལ་སེལ་དགོས་པ་ཁག་ལ་གསན་ཞིབ་གནང་ཡོད་འདུག
གནས་ཚུལ་ནང་བཀོད་པར་གཞིགས་ན། སྤྱི་འཐུས་རྣམ་གཉིས་ནས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་། གཞན་ཡང་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལང་ཕྱོགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ངོ་སྤྲོད་གསུང་བཤད་དང་མང་ཚོགས་ཀྱི་བཀའ་དྲིར་བཀའ་ལན་གནང་ཡོད་འདུག
བོད་མི་མང་སྤྱི་འཐུས་རྣམ་པས་ས་གནས་ཁག་ལ་གཟིགས་སྐོར་ཕྱོགས་ཕེབས་རྗེས་བཞུགས་སྒར་ལ་ཕྱིར་ལོག་གིས་ས་གནས་ཁག་གི་བདེ་སྡུག་ཞུས་པ་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་གིས་དཀའ་ངལ་སེལ་ཆེད་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་ལ་ནང་དོན་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་ འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་ཡི་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

མཆན། (0)
Share
དྲ་གནས་ཆ་ཚང༌།