ཁྱིམ་ཚང་གཉིས་ཀྱི་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར།


2013-11-08
Share
ཁྱིམ་ཚང་གཉིས་ཀྱི་བོད་དོན་ལས་འགུལ་ལ་བོད་མི་མང་སྤྱི་འཐུས་ཟུར་པ་ཁག་ཅིག་མཉམ་ཞུགས་གནང་བ། ཁྱིམ་ཚང་གཉིས་ཀྱི་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར།
པར། བོད་མིའི་སྒྲིག་འཛུགས།

ཁྱིམ་ཚང་གཉིས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༢༢བ་སྤེལ་སྐབས་བོད་མི་མང་སྤྱི་འཐུས་ཟུར་པ་ཁག་ཅིག་མཉམ་ཞུགས་གནང་གནས་རྒྱབ་སྐྱོར་བྱས་འདུག

དེ་ཡང་སུས་སི་ནང་གནས་འཁོད་ལྷུན་གྲུབ་ཚང་བཀྲི་ཤིས་ཚེ་རིང་ལགས་དང་སྟག་ཚང་དཀོན་ཅོག་ལགས་ཁྱིམ་ཚང་གཉིས་ཀྱིས་བོད་དོན་ཆེད་རྒྱལ་ཚོགས་ལ་ཞུ་གཏུག་གི་ལས་འགུལ་ཐེངས་ ༢༢ པ་དེ་ཕྱི་ཚེས་ ༦ ཉིན་སྤེལ་སྐབས་བོད་མི་མང་སྤྱི་འཐུས་ཟུར་པ་གསང་གླིང་ཚེ་རིང་རྡོ་རྗེ་ལགས་དང་སྨོན་མཁར་བསོད་ནམས་ཕུན་ཚོགས་ལགས།   གངས་གཞོན་ཚང་ངག་དབང་རྒྱལ་མཚན་ལགས་དང་ཆོས་རྒྱལ་བསྟན་འཛིན་ལགས་བཅས་མཉམ་ཞུགས་གནང་སྟེ་ཁྱིམ་ཚང་གཉིས་ནས་བོད་དོན་ཆེད་ལས་འགུལ་སྤེལ་གནང་ནས་ལོ་ངོ་གཅིག་འཁོར་བཞིན་པར་སྤྱི་འཐུས་ཟུར་པ་རྣམ་པས་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་ཡོད་པ་རེད།     ཕྱོཌ་མཚུངས་ཁྱིམ་ཚང་གཉིས་ཀྱིས་སྤེལ་གནང་བའི་ལས་འགུལ་འདི་བོད་པའི་སྤྱི་ཚོགས་ནང་གལ་གནད་ཆེན་པོ་ཡིན་སྐོར་དང་བོད་དོན་ཆེད་ལས་འགུལ་ཁག་དབུས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་སྐྱིད་སྡུག་ཁག་གིས་འགོ་བརྩམས་རྒྱུར་སྒུག་མ་བསྡད་པར་བོད་མི་ངོ་རེ་ནས་རང་དོན་རང་གཅེས་ཀྱིས་ལས་འགུལ་སྤེལ་དགོས་སྐོར་དགོངས་འཆར་ལྷུག་པོ་གནང་ཡོད་པ་རེད།     སྐབས་དེར་སྤྱི་འཐུས་ཟུར་པ་རྣམས་དང་བོད་མིའི་ཁྱིམ་ཚང་གཉིས་ཀྱིས་བོད་དོན་ཆེད་ཡིག་ཆ་ ༦༠༠ ཙམ་འགྲེམས་སྤེལ་དང་ལས་འགུལ་འདིའི་དགོས་འདུན་དོན་ཚན་དྲུག་གིས་མཚོན་པའི་དམིགས་ཡུལ་ཁག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལས་ཁུངས་བཅས་སུ་ཕུལ་གནང་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།