འཛམ་གླིང་ཞི་བདེ་དང་བོད་རང་དབང་དོན་དུ་ཞི་བའི་གོམ་བགྲོས།

རྒྱ་གར་གྱི་ནང་པའི་གནས་སན་ཆི་ནས་སངས་རྒྱས་འཁྲུངས་ཡུལ་བལ་ཡུལ་གྱི་ལུམ་སྦི་ནི་བར་ཞི་བའི་གོམ་བགྲོས་ཀྱི་ལས་འགུལ་ཞིག་གོ་སྒྲིག།

2010.12.06

༄༅༎འཛམ་གླིང་ཞི་བདེ་དང༌། བོད་རང་དབང་དོན་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་བཞེས་གནང་བཞིན་པའི་ འཚེ་མེད་ཞི་བའི་ལམ་ལ་རྒྱབ་སྐྱོར་ཞུ་ཆེད་བདག་ཉིད་ཆེན་མོ་ གན་རྡིའི་རྗེས་འབྲང་པ་བོད་དོན་ལ་དུས་རྟག་ཏུ་རྒྱབ་སྐྱོར་གནང་མཁན་ཌོཀ་ཏར་མ་ཧེཤ་ཡ་རྡལྦ་དང་World Tibet Congressཞེས་པའི་ཚོགས་པའི་ཚོགས་མི་ཁག་ཅིག་ཟུང་འབྲེལ་གྱི་ཐོག་ནས་ཟླ་བ་འདིའི་ཚེས་༡༢ནས་༢༠༡༡ལོའི་ཕྱི་ཟླ་༡པའི་ཚེས་༣༠བར་རྒྱ་གར་གྱི་ནང་པའི་གནས་སན་ཆི་ནས་སངས་རྒྱས་འཁྲུངས་ཡུལ་བལ་ཡུལ་གྱི་ལུམ་སྦི་ནི་བར་ཞི་བའི་གོམ་བགྲོས་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་ཡག་རེད་འདུག།

གོང་ཞུས་སན་ཆི་ནས་ལུམ་སྦི་ནི་དབར་གྱི་ཞི་བའི་གོམ་བགྲོས་དེའི་བརྒྱུད་རྒྱ་གར་གྱི་གྲོང་ཁྱེར་ཁག་ནང་བོད་དོན་དྲིལ་བསྒྲགས་དང་འཛམ་གླིང་གི་ཡུལ་ཁག་ཚོར་བོད་དེ་བཞིན་ཡེ་ཤུའི་ཆོས་སྡེ་ལྦེ་ཀྲི་ཁེན་སི་ཀྲི་ནང་ལྟར་ ཞི་བདེའི་ལྟེ་གནས་ཞིག་དང་ནང་པ་ཚོའི་གནས་མཆོག་ཅིག་དུ་འགྱུར་ཐབས་གནང་རྒྱུའི་འབོད་སྐུལ་གནང་རྒྱུ་ཡིན་ཞིང་། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་སེམས་པ་ཆེན་པོ་གན་དྷིའི་ལྟ་གྲུབ་དང་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གི་བཙན་འོག་ནས་བོད་ལ་རང་བཙན་འཐོབ་རྒྱུ་དང་། གཞིས་ལུས་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རག་ཐབས་དང་། གླིང་ཆེན་ཨེ་ཤི་ཡའི་ནང་ཞི་བདེ་སྐྲུན་ཐབས་སུ་བོད་དེ་ཡེ་ཤུའི་ཆོས་སྡེ་ལྦེ་ཀྲི་ཀེན་ནང་ལྟར་ནང་པའི་གནས་ས་ཞིག་དང་ཞི་བདེའི་ལྟེ་གནས་ཞིག་ལ་འགྱུར་ཐུབ་རྒྱུར་རྒྱལ་སྤྱིའི་ཡུལ་ཁག་ཚོ་ནས་རྒྱབ་སྐྱོར་སྐུལ་མ་ཞུ་རྒྱུའི་དོན་བཅས་ཡིན་པ་རེད།

ཞི་བའི་གོམ་བགྲོས་བརྒྱུད་བོད་དོན་དྲིལ་བསྒྲགས་གནང་བ་དང་ཆབས་ཅིག་ཕྲེད་དར་རིང་པོ་ཕི་ཊི་༥༢བྱས་པ་ཞིག་ཐོག་འཛམ་གླིང་ཁྱོན་ཡོངས་ནས་བོད་ལ་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་གནང་རྒྱུ་ཡིན་པ་དང༌། ས་གནས་ཁག་སོ་སོའི་ནང་དུས་ནས་དུས་སུ་གསར་འགོད་ལྷན་ཚོགས་ཀྱང་གནང་ཡག་རེད་བཞག།

ཌོཀ་ཏར་མ་ཧེཤ་ཡ་རྡརྦ་གི་སྣེ་ཁྲིད་གནང་རྒྱུའི་བོད་དོན་ཆེད་ཀྱི་ཞི་བའི་གོམ་བགྲོས་རིམ་པ་དང་པོ་དེ་རྒྱ་གར་གྱི་སན་ཆི་ནས་བལ་ཡུལ་གྱི་ལུམ་སྦི་ནི་བར་གནང་སྐབས་བོད་དོན་སྐོར་ཡིག་ཆ་གང་མང་མང་ཞིག་འགྲེམས་སྤེལ་གནང་འཆར་ཡོད་པ་མ་ཟད། གོམ་བགྲོས་དེ་ཨེ་ཤི་ཡ་དང་ཨ་མི་རི་ཀ། ཡུ་རོཔ་བཅས་ནང་རིམ་བཞིན་གོ་སྒྲིག་གནང་སྟེ་མཐར་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྲོང་ཁྱེར་ཇི་ནི་ལྦ་ནང་གི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་མཇུག་སྒྲིལ་གྱིས་ བོད་དོན་ཐོག་རྒྱལ་སྤྱིའི་ས་རྟགས་བསྡུ་རུབ་གནང་བའི་ཕྲེད་དར་དེ་མཉམ་སྦྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎