བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཅེས་པའི་ཞིབ་འཇུག་སྙན་ཐོ།


2018.11.15
བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཅེས་པའི་ཞིབ་འཇུག་སྙན་ཐོ། 2018/11/15 བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཅེས་པའི་ཞིབ་འཇུག་སྙན་ཐོ། 2018/11/15
Pen tibet

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཅེས་པའི་ཞིབ་འཇུག་སྙན་ཐོ་རྒྱས་པ་ཞིག་འདོན་སྤེལ་གནང་འདུག
དེ་ཡང་ཟླ་བ་༡༡པའི་ཚེས་༡༥་ཉིན། རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་།   བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཐུན་མོང་གོ་སྒྲིག་བྱས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་དུ། དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་གཉིས་ཀྱིས་བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཞེས་པའི་ཞིབ་འཇུག་སྙན་ཐོ་རྒྱས་པ་ཞིག་དབུ་འབྱེད་གནང་འདུག  སྐབས་དེར་སྐུ་མགྲོན་གཙོ་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་ཀྱི་གསུངས་བཤད་གནང་སྐབས་ཁོང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ཀྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་རྒྱབ་སྐྱོར་མེད་བཞིན་དུ་ལོ་ངོ་ཉི་ཤུ་ཡས་མས་རིང་སྐུ་ལས་སྐྱོན་ནས་བོད་ནང་གི་རྩོམ་པ་པོའི་གནས་སྟངས་གཙོ་བོར་གྱུར་བའི་ཞིབ་འཇུག་སྙན་ཐོ་མང་པོ་ཞིག་འདོན་གནང་བར་མངགས་བརྗོད་ཡོད་ཅེས་གསུངས་བ་དང་ཆབས་ཅིག་གཞི་རྩའི་འཛམ་གླིང་ནང་རྒྱལ་ཁབ་ཉུང་ཤས་ཞིག་ཕུད་པའི་དེ་མིན་རྒྱལ་ཁབ་མང་ཆེ་བའི་ནང་རྩོམ་པ་པོ་ལ་དཀའ་ངལ་མ་འཕྲད་པ་མེད་ཅེས་གསུངས་གནང་འདུག  
ཡང་སྐབས་དེར་དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་ཉིན་མོ་དེ་དང་འབྲེལ་བའི་གསུངས་བཤད་གནང་དོན། བོད་ནང་རྒྱ་ནག་གཞུང་གི་དམ་དྲག་འོག་དཀའ་སྡུག་མྱོང་བའི་སྒོ་ནས་རང་གི་སྐད་ཡིག་དང་། རིག་གཞུང་གི་དོན་དུ་རྩོམ་ཡིག་མང་པོ་དྲིས་ཡོད་སྟབས་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་རྩོམ་ཡིག་འབྲི་རྒྱུའི་ཐོག་འབད་རྩོན་བྱེད་དགོས་པའི་གལ་གནད་དང་དེ་བཞིན་རྩོམ་དེ་དག་རྒྱལ་སྤྱིའི་ལྡིངས་ཆའི་སྟེངས་སླེབས་ཐབས་བྱེད་དགོས་པའི་སྐོར་ལ་གསུངས་གནང་སོང།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤར་བློ་གྲོས་ལགས་ཀྱི་ད་རེས་འདོན་སྤེལ་གནང་བའི་བཀག་སྡོམ་དང་།  དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཞེས་པའི་སྙན་ཐོ་འདིའི་ནང་དུ་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་གི་བོད་ཀྱི་རྩོམ་རིག་གི་གནས་བབས་སྤྱི་དང་ལྷག་དོན་རྩོམ་རིག་གི་ཁྱབ་ཁོངས་སུ་བཀགག་སྡོམ་དང་དབྱེ་འབྱེད་ཀྱི་སྲིད་བྱུས་དང་་གནོན་ཤུགས་ཇི་ལྟར་ཡོད་ཚུལ་གསལ་འདོན་བྱས་ཡོད་ཅེས་གསུངས་གནང་སོང།

སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྲིག་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ནས་རྩོམ་པ་པོ་དང་རྩོམ་འབྲིའི་གལ་གནད་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས་རིག་གཞུང་རྒྱུན་གནད་ཡོང་ཐབས་ཀྱི་རྩོམ་ཀྱི་གལ་གནད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་རྩོམ་འབྲིའི་རང་དབང་གལ་གནད་བཅས་ཀྱི་སྐོར་ལ་གསུངས་བཤད་གནང་སོང་།

གསར་འགོད་པ་ཨྱོན་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎